ལྷ་སར་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་དེ་རྩི་ཤིང་རྣམས་ལོ་འདབ་རྒྱས་པ་དང་། མེ་ཏོག་ལྷུག་པོར་བཞད་པ། བྱ་བྱིའུ་ཡི་གསུང་སྙན་སྒྲོག་པ་སོགས་ཀྱིས་ལོ་རེའི་ཆེས་མཛེས་ཉམས་ལྡན་པའི་རྣམ་པ་ཞིག་མངོན་བཞིན་ཡོད། ཡུལ་ལྗོངས་ཤིན་ཏུ་མཛེས་པས་ཕྱི་རོལ་དུ་སྤྲོ་གསེང་ལ་འགྲོ་མཁན་གྲོང་མི་ཧ་ཅང་མང་པོ་ཡོད། པར་འདི་ནི་རྫོང་རྒྱབ་ཀླུ་ཁང་དུ་ཁམ་བུའི་མེ་ཏོག་བཞད་པའི་རྣམ་པ་ཡིན་པ། (བསྟན་རྡོར་གྱིས་སྒྱུར་ཞུས་བྱས)