ཟླ་3ཚེས་29ཉིན་གྱི་སྔ་དྲོར། གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ཀྱི་བཀོད་སྒྲིག་ཚོགས་འདུ་འཚོགས་ཤིང་། ཚོགས་འདུ་གྲོལ་རྗེས། སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་དང་། གོ་བ་གཏིང་ཟབ་ལེན་པ། ཁྱོན་ཡོངས་ནས་ལག་བསྟར་བཅས་བྱས་ཏེ།སྟོད་ལུང་བདེ་ཆེན་ཆུས་ཀྱི་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་དེ་གྲོང་ཁྱེར་ཡོངས་ཀྱི་མདུན་གྲལ་དུ་སྤེལ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ་རེད།
ཉེ་ཆར། སྟོད་ལུང་བདེ་ཆེན་ཆུས་ཀྱིས་འཕྲལ་དུ་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ཀྱི་བཀོད་སྒྲིག་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ཀྱི་བཀོད་སྒྲིག་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། སྟོད་ལུང་བདེ་ཆེན་ཆུས་ཀྱིས་གཞི་རིམ་བཅོས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གཞི་རིམ་བཅོས་སྐྱོང་གི་ལས་དོན་སྐོར་གྱི་མཛུབ་སྟོན་བླང་བྱ་ལག་བསྟར། ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གཞི་རིམ་བཅོས་སྐྱོང་གི་ལས་དོན་སྐོར་གྱི་མཛུབ་སྟོན་བླང་བྱ་དང་གཞི་རིམ་བཅོས་སྐྱོང་གི་དམིགས་ཚད་ཆེན་པོ་གསུམ་དང་། ཅན་བཞི་མཉམ་འདྲེས། ལས་གཞི་ཆེན་པོ་ལྔ་བཅས་ལ་དམིགས་ནས་ནུས་ཤུགས་ཡོད་རྒུ་འདོན་པ་དང་སྙིང་རུས་ཆེན་པོས་དམིགས་ཚད་ལ་དམ་འཛིན་དང་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་ནས་ལས་དོན་ཁག་དོན་འཁྱོལ་ཞིབ་ཚགས་དང་། གཏིང་ཟབ་པ་དང་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུངས་གནང་བ་རེད།
སྟོད་ལུང་བདེ་ཆེན་ཆུས་ཨུད་ཀྱི་ཧྲུའུ་ཅི་ཧྲི་ཡུན་པུན་གྱིས་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་གསུང་བཤད་དགོངས་དོན་གྱིས་གྲོང་ཁྱེར་ཡོངས་ཀྱི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་གཞི་རིམ་བཅོས་སྐྱོང་ལས་དོན་ལ་སྐུལ་སློང་བྱས་པ་དང་། ལས་འགན་གསལ་པོ་བཟོས་ཡོད། ཕྱིས་འབྱུང་། ང་ཚོས་ནང་སེམས་ལ་ཟུག་པ་དང་། ཕྱིའི་བྱ་སྤྱོད་ཐོག་ལག་ལེན་དུ་བསྟར་བ། སྒུག་རྟེན་མི་བྱེད་པ། རང་འགུལ་ངང་ལས་དོན་སྒྲུབ་པ། ཚད་གཞི་དང་བསྟུན་པ། ཇུས་འགོད་ཡག་པོ། དོན་འཁྱོལ་གྱི་བྱ་ཐབས་ཞིབ་ཚགས། ལག་བསྟར་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་དང་། དུས་བདེའི་སྟོད་ལུང་གཏོད་པ།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社