分享按钮

གྲོང་ཁྱེར་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་གཞི་རིམ་དུ་སྐྱོད་པ་བཞི་ལག་བསྟར་བྱས་ནས་མང་ཚོགས་ཀྱི་བྱ་བ་ཡག་པོ་བསྒྲུབས་པ།

གྲོང་ཁྱེར་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་བཙུགས་ནས་གཞི་རིམ་དུ་སྐྱོད་པ་བཞིའི་གཞི་རྩའི་ནང་དོན་དང་། དུས་རབས་ཀྱི་རིན་ཐང་། ལག་ལེན་གྱི་བླང་བྱ་བཅས་ལ་སྟངས་འཛིན་གཏིང་ཟབ་བྱས་ཏེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ་དང་། ཀོང་ཐང་ཤང་གྲོང་དཀར་གྲོང་ཚོ་དང་། ལ་རྒན་གྲོང་ཚོ། སྦྲ་ཁ་འདམ་གྲོང་ཚོ་བཅས་སུ་བསྐྱོད་དེ་གཞི་རིམ་དུ་སྐྱོད་པ་བཞིའི་བྱེད་སྒོ་སྤེལ་ནས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་ཏན་ཏིག་བཏང་བ་རེད།

གཞི་རིམ་དུ་མཛད་ཕྱོགས་དང་སྲིད་ཇུས་བརྒྱུད་བསྒྲགས་དང་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་ཏེ་མང་ཚོགས་ཀྱི་དྲིལ་བསྒྲགས་པ་ཡག་པོ་ཞིག་བྱས་པ།

ཏང་གི་རིགས་པའི་གཞུང་ལུགས་དང་དྲིལ་བསྒྲགས་ལས་དོན་ནི་མང་ཚོགས་ཀྱི་སྲོག་རྩ་ལྟ་བུ་ཡིན་པ་དང་། དམངས་འཚོའི་ལས་གཞི་འཛུགས་སྐྲུན་གྱི་མཐའ་མའི་འགག་གནད་སྒྲོལ་བྱེད་ཡིན། གྲོང་ཁྱེར་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་བཅས་དྲིལ་བསྒྲགས་བྱ་རྒྱུ་དེ་ཡུན་རིང་གི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་འགན་ལེན་བྱ་ཡུལ་ཁག་ཏུ་དྲིལ་བསྒྲགས་ཆེན་པོ་དང་དྲིལ་བསྒྲགས་ཆུང་ངུ་ཟུང་དུ་འབྲེལ་བའི་བྱ་ཐབས་སྤྱད་དེ་རླུང་འཕྲིན་ས་ཚིགས་དང་། དྲིལ་བསྒྲགས་སྒྲོམ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་སོགས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་རེད།

མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་དང་ཟུང་འབྲེལ་བྱས་ནས་ཞིང་ནང་དང་མུ་ཁར་བསྐྱོད་པ་དང་ཁྱིམ་ཚང་གི་སྒོ་རའི་ནང་བསྐྱོད་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ། མོས་པ་ལྔ། ཁྲིམས་སྐྱོང་འཛུགས་སྐྲུན། ཤེས་དཔལ་འཛུགས་གཏོད། ནག་སེལ་གཤེད་བཅོམ། ཞིང་ལས་ཀྱི་ཚན་རྩལ་སོགས་ཀྱི་ཤེས་བྱའི་ནང་དོན་དྲིལ་བསྒྲགས་སྒྲོག་འགྲེལ་ཐེངས་58བྱས་པར་མང་ཚོགས་5000ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད། མང་ཚོགས་སྡོད་ཐུབ་པ་དང་། གོ་ཐུབ་པ། བློ་ལ་ཟུག་པ། གོ་བ་ལེན་ཐུབ་པ་བཅས་ཡོང་བར་བྱ་ཆེད། མང་ཚོགས་ཀྱི་དགོས་མཁོར་གཞིགས་ནས་སྒྲོག་འགྲེལ་གྱི་ནང་དོན་བཟོས་པར་མ་ཟད། གནས་ལུགས་ཆེན་པོ་དེ་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་ཕལ་སྐད་དུ་བསྒྱུར་བ་དང་། བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས་དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱས་ཏེ་རིགས་པའི་གཞུང་ལུགས་ཀྱི་དྲིལ་བསྒྲགས་དེ་བས་མང་ཚོགས་དང་འབྲེལ་འདྲིས་དང་། དེ་བས་དྲོ་སྐྱིད་ལྡན་པ། དེ་བས་མི་སེམས་ལ་ཟུག་པ་བཅས་བྱས་པ་རེད།

གཞི་རིམ་དུ་བརྟག་དཔྱད་ཞིབ་འཇུག་དང་དཀའ་གནད་སྔོག་འདོན་བྱས་ནས་མང་ཚོགས་ཀྱི་ཡུལ་འདི་གའི་རིགས་གཅིག་མཁས་པ་ཡག་པོ་ཞིག་བྱས་པ། (པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-08 6 6 拉萨日报藏文 c178928.html 1 གྲོང་ཁྱེར་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་གཞི་རིམ་དུ་སྐྱོད་པ་བཞི་ལག་བསྟར་བྱས་ནས་མང་ཚོགས་ཀྱི་བྱ་བ་ཡག་པོ་བསྒྲུབས་པ། /enpproperty-->