ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར་གསར་འགོད་པས་བོད་རང་སྐྱོང་ལྗོངས་སློབ་གསོ་ཡིག་རྒྱུཊ་ཁང་ནས་ཤེས་རྟོཊ་བྱས་པར་གཞིཊ་ན། 2024ལོའི་བོད་ལྗོངས་དམའ་རིམ་སློབ་འབྲིང་འཛིན་གྲྭའི(སློབ་གྲྭ)སློབ་བསྡུའི་མིང་ཐོ་འགོད་པའི་དུས་མཚམས་ཀྱི་ལས་དོན་དེ་ཟླ་4ཚེས་5ཉིན་གྱི་ཆུ་ཚོད་10པར་སྤེལ་འགོ་ཚུཊ་པ་དང་། ཟླ་4ཚེས་30ཉིན་གྱི་ཆུ་ཚོད་18ཐོག་མཇུག་འགྲིལ་རྒྱུ་ཡིན་པ་རེད། མིང་ཐོ་འགོད་པའི་དྲ་ཚིགས་ནི་བོད་རང་སྐྱོང་ལྗོངས་བོད་ལྗོངས་དམའ་རིམ་སློབ་འབྲིང་འཛིན་གྲྭའི(སློབ་གྲྭ)སློབ་བསྡུའི་ཡིག་རྒྱུཊ་ཆ་འཕྲིན་དོ་དམ་མ་ལག་སྟེ།http://czzs.zsks.edu.xizang..gov.cn:8082(སློབ་བསྡུའི་ཡིག་རྒྱུཊ་ཆ་འཕྲིན་དོ་དམ་མ་ལག)ཡིན་པ་རེད།
2024ལོའི་བོད་ལྗོངས་དམའ་རིམ་སློབ་འབྲིང་འཛིན་གྲྭའི(སློབ་གྲྭ)སློབ་བསྡུའི་ཁ་གཏད་ནི་ལྗོངས་ནང་ཁུལ་གྱི་མི་རབས་གཉིས་ཡན(མི་རབས་གཉིས་ཚུད)གྱི་བོད་རིགས་དང་། ཧུའེ་རིགས། ནུའུ་རིགས། ལི་སུའུ་རིགས། འཇང་རིགས། མོན་པ་རིགས། ལྷོ་པ་རིགས། ཤར་པ། ཏེང་པ(བོད་རིགས་དང་ལྗོངས་ནང་གི་གྲངས་ཉུང་མི་རིགས་ཞེས་བསྡུ་རྒྱུ)བཅས་ཀྱི་ལོ་འདི་གའི་སློབ་ཆུང་གི་སློབ་ཐོན་སློབ་མ་དང་།དེ་བཞིན་བོད་སྐྱོད་ལས་བྱེད་དང་ལས་བཟོ་བའི་ལོ་འདི་གའི་སློབ་ཆུང་གི་སློབ་ཐོན་སློབ་མ་ཡིན་པ་རེད།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社