分享按钮

ཤའོ་ཡིའུ་ཚའེ་ཡིས་སྒྲིག་གཞི་སྒྲིག་ཁོངས་ཀྱི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ་དང་སྒྲིག་གཞི་སྒྲིག་ཁོངས་དོ་དམ་གྱི་ཆུ་ཚད་མཐོ་རུ་བཏང་སྟེ་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་ནུས་ལྡན་བྱེད་དགོས་པའི་ནན་གསུངས་གནང་བ།

(པར་ངོས་དང་པོར་མཐུད)ཆབ་སྲིད་ཀྱི་ཁ་ཕྱོགས་ཡག་པོ་འཛིན་ནས་ཏང་གི་ཁྱོན་ཡོངས་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་རྒྱུ་དེ་སྒྲིག་གཞི་སྒྲིག་ཁོངས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་རང་འགུལ་ངང་རྗེས་སྙེག་དང་། ནུས་ཤུགས་ཡོད་རྒུས་གྲོང་ཨུད་ཀྱི་ལྟེ་བའི་ལས་དོན་དང་གཙོ་གནད་ལས་འགན་ལ་འགན་ལེན་བྱེད་དགོས། གཞི་རིམ་ལ་དམ་འཛིན་ཤུགས་ཆེན་དང་། རྨང་གཞིར་དམ་འཛིན་ཤུགས་ཆེན་བྱེད་པའི་སྟོན་ཕྱོགས་གསལ་པོ་མཐའ་འཁྱོངས་བྱས་ནས་ཐོན་ཁུངས་དང་། ཞབས་ཞུ། དོ་དམ་བཅས་གཞི་རིམ་དུ་སྤེལ་རྒྱུར་སྐུལ་འདེད་བཏང་སྟེ། གཞི་རིམ་གྱི་བྱ་བ་གཞི་རིམ་དུ་སྒྲུབ་པ་དང་། གཞི་རིམ་གྱི་དབང་ཆ་གཞི་རིམ་དུ་སྤྲོད་པ། གཞི་རིམ་དུ་བྱ་བ་སྒྲུབ་མཁན་ཡོད་པ་བཅས་ཀྱི་འགན་ལེན་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ལེགས་གཏོང་དང་། མཉམ་རོགས། ནུས་ཆེ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་ཚད་ཡོད་ཀྱི་སྒྲིག་ཁོངས་ཐོན་ཁུངས་གང་ལེགས་སྤྱོད་རྒྱུ་དང་། འགན་འཁྲིའི་མཐའ་མཚམས་སྔར་བས་ཁ་གསལ་བཟོ་བ། འགན་འཁྲིའི་མ་ལག་འཐུས་ཚང་དུ་གཏོང་བ། ལས་ཀའི་སྒྲིག་སྲོལ་མཐུན་སྦྱོར་ཡོང་བ་བཅས་བྱས་ནས་གྲོང་ཁྱེར་ཡོངས་སུ་གདོང་དམག་མདུན་ཡག་པོ་ཞིག་བྱ་ཆེད་ནུས་པ་འདོན་རོཊ་བྱེད་དགོས། དུས་ཚིགས་ཀྱི་མྱུར་ཚད་སྟངས་འཛིན་དང་། བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་གྲོང་ཁྱེར་དང་རྫོང་གི་སྒྲིག་གཞི་སྒྱུར་བཅོས་ལས་དོན་དེ་བརྟན་པོ་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས།

གྲོང་ཨུད་སྒྲིག་གཞི་སྒྲིག་ཁོངས་ཨུ་ལྷན་གྱི་ཨུ་ཡོན་ཚོགས་འདུར་ཞུགས་པ་རེད། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-04 6 6 拉萨日报藏文 c178687.html 1 ཤའོ་ཡིའུ་ཚའེ་ཡིས་སྒྲིག་གཞི་སྒྲིག་ཁོངས་ཀྱི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ་དང་སྒྲིག་གཞི་སྒྲིག་ཁོངས་དོ་དམ་གྱི་ཆུ་ཚད་མཐོ་རུ་བཏང་སྟེ་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་ནུས་ལྡན་བྱེད་དགོས་པའི་ནན་གསུངས་གནང་བ། /enpproperty-->