分享按钮

ཤིང་འཛུགས་ནགས་བཟོ་བྱེད་པ།

ཉེ་ཆར། ཆུ་ཤུར་རྫོང་གིས་2024ལོའི་དཔྱིད་དུས་ཀྱི་འོས་འགན་ཤིང་འཛུགས་ནགས་བཟོའི་བྱེད་སྒོ་སྤེལ་ཞིང་། ཤིང་འཛུགས་ནགས་བཟོ་བྱ་ཡུལ་དུ། རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བས་དང་བླངས་པའི་སྟོད་གོས་དམར་པོ་གྱོན་ཏེ། ས་དོང་འདྲུ་བ་དང་། ས་དོང་ནང་དུ་ཤིང་སོན་འཛུགས་པ། ཆུ་རྒྱག་པ་སོགས་བྱས་ནས་སྐྱེ་སྟོབས་དང་གསོན་ཤུགས་བརྒྱུད་སྤྲོད་བྱེད་པའི་ཤིང་སོན་རེ་རེ་བཞིན་བཙུགས་ཡོད། ཚང་མས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཉེ་འགྲམ་གྱི་མི་ཤིང་འཛུགས་ནགས་བཟོ་དང་འབྱུང་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པའི་ཁྲོད་ཞུགས་པར་ཁྲིད་སྟོན་བྱས་ཏེ་རང་རྟོགས་ངང་སྔོ་ལྗང་བསྐྲུན་པ་དང་།སྔོ་ལྗང་ལ་དགའ་ཞེན། སྔོ་ལྗང་ལ་སྲུང་སྐྱོང་། སྔོ་ལྗང་དར་རྒྱས་ཡོང་བར་བྱེད་པའི་ལས་དོན་ནང་ཞུགས་མཁན་དང་། ལག་བསྟར་བྱེད་མཁན། སྲུང་སྐྱོང་མཁན་བཅས་སུ་འགྱུར་བར་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

པར་འདི་ནི་ཆུ་ཤུར་རྫོང་མི་སྤྱི་ཅུས་ཀྱི་ལས་བྱེད་པ་དང་ལས་བཟོ་བས་ཤིང་སོན་བཙུགས་རྗེས་ས་དོང་རྒྱོང་བཞིན་པའི་གནས་ཚུལ་ཡིན་པ།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-04 6 6 拉萨日报藏文 c178683.html 1 ཤིང་འཛུགས་ནགས་བཟོ་བྱེད་པ། /enpproperty-->