(པར་ངོས་དང་པོར་མཐུད)འབྲེལ་ཡོད་ཚན་པ་དང་སྡེ་ཚན་གྱིས་ལས་ཡུན་ལྡོག་སྒྲིག་བྱས་ནས་ད་ཐེངས་ཀྱི་རིག་གནས་ཡུལ་སྐོར་ཚོགས་ཆེན་དང་གནམ་མཚོའི་མཚོ་སྒོ་འབྱེད་པའི་བྱེད་སྒོ་དེ་ཁྱད་ཆོས་ལྡན་པའི་་ཚོགས་འདུ་གཟབ་རྒྱས་ཤིག་ཏུ་གཉེར་དགོས་ཞེས་གསུངས་པ་རེད།
དེ་རྗེས་སྐོང་ཚོགས་བྱས་པའི་བཞུགས་མོལ་ཚོགས་འདུའི་ཐོག་ཁྲེན་ཅིང་གིས་གནམ་མཚོའི་མཚོ་སྒོ་འབྱེད་པའི་བྱེད་སྒོ་སྤེལ་རྒྱུའི་ཆེད་དོན་བཀོད་སྒྲིག་གནང་བ་རེད།ཁོང་གིས་སྒྲིག་འཛུགས་ཨུ་ལྷན་གཞུང་དོན་ཁང་གིས་འགན་འཁྲི་འཁུར་སེམས་དང་ཁ་ཚ་དགོས་གཏུགས་ཀྱི་བསམ་པ་སྔར་བས་ཆེ་རུ་བཏང་ནས་ཞིབ་ཅིང་ཕྲ་བའི་རྣམ་འགྱུར་དང་ཏན་ཏིག་གི་སྤྱོད་ཚུལ་གྱི་ཐོག་ནས་འཆར་འགོད་ཁག་སྤྱི་འདོམས་ཡག་པོ་བྱེད་པ་དང་།ཟས་གོས་འགྲོ་འདུག ཡུལ་སྐོར་སྤྲོ་སྐྱིད།རོལ་རྩེད།ཉོ་སྒྲུབ་བཅས་ཀྱི་རྒྱུ་རྐྱེན་དྲུག་ལ་དམིགས་ཏེ་སྣ་མང་ཕུན་སུམ་ཚོགས་པའི་ཡུལ་སྐོར་བྱེད་སྒོ་ཇུས་འགོད་ཡག་པོ་བྱས་ནས་བྱ་བ་བཟང་པོ་མང་ཚོགས་ཀྱི་སེམས་ནང་ཟུག་ཐུབ་པར་བྱེད་དགོས་པ་དང་།འདམ་གཞུང་རྫོང་དང་པོ་ཏ་ལ་རིག་གནས་ཚོགས་པས་ཚད་གཞི་མཐོ་ཤོས་དང་།བླང་བྱ་ནན་ཤོས།མྱུར་ཚད་མགྱོགས་ཤོས་བཅས་ཀྱི་ཐོག་ནས་ཚོགས་ར་འཆར་འགོད་དང་།བཟའ་སྡོད་བཀོད་སྒྲིག རླངས་འཁོར་བཀོད་སྒྲིག ཁོར་ཡུག་བཅོས་སྒྲིག་སོགས་ཀྱི་ཞབས་ཞུའི་འགན་ལེན་ལས་དོན་ཁག་ཡག་པོ་བསྒྲུབས་ནས་བྱེད་སྒོའི་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུར་འགན་ལེན་བྱས་ཏེ།གྲོང་མི་མང་ཚོགས་དང་ཡུལ་སྐོར་བའི་ཉམས་ལེན་གྱི་ཚོར་སྣང་སྐྱིད་པོ་དང་།བྱེད་སྒོར་ཞུགས་ཚད་མང་དུ་གཏོང་དགོས་པ།འདམ་གཞུང་རྫོང་གིས་ད་ཐེངས་ཀྱི་བྱེད་སྒོ་དེ་ཕྱི་ཕྱོགས་སུ་ཡུལ་སྐོར་གྱི་གཟུགས་བརྙན་བཟང་པོ་སྟོན་པའི་སྐར་ཁུང་ལ་བརྩིས་ནས་བྱེད་སྒོའི་ཕན་འབྲས་ཆེ་རུ་གཏོང་བ་དང་བྱེད་སྒོའི་ཤུགས་རྐྱེན་བཟང་པོ་ཆེ་རུ་གཏོང་བ།བྱ་སྤྱོད་དང་རང་འདེམས་བྱ་སྤྱོད་གལ་ཆེ་མཉམ་དུ་འཛིན་པ། འདམ་གཞུང་རྫོང་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་མིང་བྱང་གསར་པ་གཏོད་པ་བཅས་བྱས་ནས་འདམ་གཞུང་རྫོང་རིག་གནས་ཡུལ་སྐོར་གྱི་སྐད་གྲགས་ཆོད་ཚད་དང་མཚན་སྙན་སྔར་བས་ཆེ་རུ་གཏོང་དགོས་པ།ཕྱོགས་ཁག་གིས་ད་ཐེངས་ཀྱི་བྱེད་སྒོ་གོ་སྐབས་སུ་བྱས་ནས་ཡུལ་སྐོར་དང་གང་རུང་ཞིག་མཉམ་འདྲེས་ཀྱི་རྣམ་པར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། རིག་གནས་དང་།ལུས་རྩལ། ཡུལ་སྐོར་བཅས་ཀྱི་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་བ།ཡུལ་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱི་ལེའུ་གསར་པ་རྩོམ་པ་བཅས་བྱས་ནས་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་རྣམ་པ་གསར་པ་གཏོད་དགོས་ཞེས་གསུངས་པ་རེད།
2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་དང་གནམ་མཚོའི་གངས་ལྗོངས་གནའ་གྲོང་གནས་མཆོག་ལྷ་ས་ཞེས་པ་གཙོ་དོན་དུ་བྱས་ཏེ་གནས་མཆོག་ལྷ་སར་ཡུལ་སྐོར་བྱེད།བརྩེ་བ་གནམ་མཚོར་བཅངས་སོགས་ཀྱི་འབྲེལ་ཡོད་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད། བྱེད་སྒོ་དེ“1+N”རྣམ་པའི་ཐོག་ནས་སྤེལ་རྒྱུ་ཡིན་ཞིང་།“1”ནི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་ཡིན་པ་དང་། “N”ཞེས་པ་ནི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ཁུངས་འོས་སྦྱོར་འདུ་ཚོགས་དང་།གནམ་མཚོའི་མེ་ཕུང་མཚན་ཚོགས། སྐར་ཚོགས་འཚོལ་ཞིབ་ཀྱི་བྱེད་སྒོ། གནམ་མཚོའི་མཚོ་སྒོ་འབྱེད་པའི་བྱེད་སྒོ།ཚོང་འགུགས་མ་འདྲེན་ཏེ་ཡུལ་སྐོར་ཚོང་པས་འོས་སྦྱོར་བྱེད་པ་དང་རིག་གནས་ཡུལ་སྐོར་ཁྱད་ལྡན་ཚོང་ཟོག་འགྲེམས་ཚོང་བྱེད་སྒོ་སོགས་ལས་གྲུབ་པ་ཞིག་རེད།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社