分享按钮

(པར་ངོས་དང་པོར་མཐུད)བོད་ལྗོངས་བོད་སྐྲུན་སྐྱེ་དངོས་ཤིང་སོན་གསོ་སྤེལ་རྟེན་གཞི་ནི་རང་ལྗོངས་ཀྱི་ཐོན་སློབ་ཞིབ་གསུམ་གཞི་གཅིག་ཅན་གྱི་ས་མཐོའི་གྲང་ངར་དང་ཐན་པའི་ཁུལ་གྱི་སྐྱེ་དངོས་ཞིབ་འཇུག་དང་གསོ་སྤེལ་རྟེན་གཞི་ཡིན་ཞིང་། གཙོ་བོ་ལྷ་སའི་ལྷོ་བྱང་རི་བོའི་ཤིང་འཛུགས་ནགས་བཟོའི་ཐད་ལེ་ལག་ཚང་བའི་ཞབས་འདེགས་ཞུ་ཡི་ཡོད་པ་དང་། ད་ཆ་ལོ་འདི་གའི་སློབ་ཆེན་སློབ་མ་བཅུ་གྲངས་བསྡུས་ཡོད། ཡན་ཅིན་ཧའེ་ཡིས་ཡུལ་དངོས་སུ་ས་བོན་གསོག་འཇོག་ཁང་དང་ཚོད་ལྟ་ཁང་སོགས་ལ་ལྟ་ཞིབ་གནང་སྟེ་སོན་རྒྱུའི་ཐོན་ཁུངས་འཚོལ་བསྡུ་ཉར་ཚགས་དང་། ཤིང་སོན་འདེབས་གསོ། ཚན་ཞིབ་རྣམ་གྲངས། རྟེན་གཞི་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་བསྟན་དོན། ནགས་ལས་དེང་རབས་ཅན་དུ་འགྱུར་བར་ས་བོན་ནི་རྨང་གཞི་ཡིན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་པ་དང་། ས་བབ་མི་འདྲ་བ་དང་གནམ་གཤིས་མི་འདྲ་བར་དམིགས་པ། དཀའ་གནད་ལག་རྩལ་ལ་དམིགས་ཏེ་གསར་གཏོད་བྱེད་ཕོད་པ་དང་། འབྱུང་རྩ་ནས་དམ་འཛིན་བྱེད་པ། སོན་བཟང་གི་ཐོན་ཁུངས་འཚོལ་བསྡུ་དང་སྲུང་སྐྱོང་ཡག་པོ་བྱེད་པ། ནགས་ཤིང་རྒྱུད་བཟང་འདེབས་གསོ་བྱེད་པའི་ལག་རྩལ་ལ་ཞིབ་འཇུག་དང་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ། སྤུས་ལེགས་ཤིང་སོན་མཁོ་སྤྲོད་ཀྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་བཅས་བྱས་ཏེ་ལྷོ་བྱང་རི་བོའི་སྔོ་འགྱུར་ནགས་བཟོ་དང་འབྱུང་ཁམས་སླར་གསོ་སོགས་ཀྱི་ལས་དོན་ལ་སོན་བཟང་མཁོ་སྤྲོད་འགན་ལེན་བྱེད་དགོས་པ་དང་། འབྲེལ་ཡོད་ཚན་པ་ཁག་གིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་གསོ་སྤེལ་རྟེན་གཞི་རིམ་སྤོར་དང་རྒྱ་སྟོབས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ་ཚན་ཞིབ་གྲུབ་འབྲས་གཞན་སྒྱུར་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་། ནགས་ལས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱེད་པ། ས་གནས་ཀྱི་མང་ཚོགས་ལ་བདེ་སྐྱིད་སྐྲུན་པ་བཅས་བྱེད་དགོས།

ཡན་ཅིན་ཧའེ་ཡིས་ད་དུང་ལྷ་ཆེན་པོ་གླིང་ཕྲན་གྱི་ཤིང་སོན་ར་བ་དང་ལྷ་སའི་སྐྱིད་ཆུའི་ལུང་ཤུར(སྟོད་ལུང་གི་ནུབ་རྒྱུད)འབྱུང་ཁམས་སྲུང་སྐྱོང་ཉམས་གསོའི་ཚོད་ལྟའི་ལས་གྲྭའི་རྣམ་གྲངས་ལ་བརྟག་ཞིབ་གནང་བ་རེད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-04 6 6 拉萨日报藏文 c178680.html 1 /enpproperty-->