分享按钮

དཔལ་སྡིངས་བཙོག་ཆུ་གཙང་སེལ་བཟོ་གྲྭའི་དུས་ཐེངས་གཉིས་པའི་རྣམ་གྲངས་སྔོན་དཔག་བྱས་ན་སང་ལོའི་ཟླ་བརྒྱད་པར་ལས་མཇུག་འགྲིལ་རྒྱུ་ཡིན་པ།

(པར་ངོས་དང་པོར་མཐུད)དཔལ་སྡིངས་བཙོག་ཆུ་གཙང་སེལ་བཟོ་གྲྭའི་དུས་ཐེངས་གཉིས་པའི་རྣམ་གྲངས་ཀྱི་ལས་གྲྭ་དེ་ལྷ་ས་གྲོང་ཁྱེར་གྲོང་ཤར་ཁུལ་གསར་དཔལ་སྡིངས་ཡུག་ཁུལ་གྱི་ནུབ་ངོགས་སུ་གནས་ཡོད་པ་དང་།དཔལ་སྡིངས་བཙོག་ཆུ་གཙང་སེལ་བཟོ་གྲྭའི་དུས་ཐེངས་དང་པོའི་རྣམ་གྲངས་དང་བར་ཐག་ཉེ་བས་སྤྱིའི་ས་ཆའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་16060ཟིན་པ་དང་།ཁྱོན་མ་དངུལ་སྒོར་ཁྲི་17364.24བཏང་ཡོད་པ་རེད། ཉིན་ཤས་གོང་།གསར་འགོད་པས་རྣམ་གྲངས་ཀྱི་ཨར་ལས་བྱ་ཡུལ་ནས་བཟོ་པ་ཚོས་རང་སོ་སོའི་ལས་གནས་ཐོག་ལས་ཀ་ཧུར་ཐག་བྱེད་བཞིན་པ་དང་། འཕྲུལ་འཁོར་གྱི་སྐད་སྒྲས་ཁེངས་ཤིང་བྲེལ་འཚུབ་ཀྱིས་ཁེངས་པའི་རྣམ་པ་ཞིག་མཐོང་བྱུང་།

རྣམ་གྲངས་ཀྱི་འགན་འཁུར་བ་ཀྲེན་ཨེར་ལེ་ཡིས་དཔལ་སྡིངས་བཙོག་ཆུ་གཙང་སེལ་བཟོ་གྲྭའི་དུས་ཐེངས་གཉིས་པའི་རྣམ་གྲངས་དེ་མིག་སྔར་ལས་གྲྭའི་སྤྱིའི་གྲངས་འབོར་གྱི་བརྒྱ་ཆ་13.86ལེགས་གྲུབ་ཟིན་པ་དང་ཐོན་རྫས་ཀྱི་རིན་ཐང་སྒོར་ཁྲི་1800ཙམ་ཟིན་ཡོད། སྔོན་དཔག་བྱས་ན་2025ལོའི་ཟླ་8ཚེས་19ཉིན་བསྐྲུན་ཟིན་རྒྱུ་རེད། འཛུགས་སྐྲུན་ལེགས་གྲུབ་བྱུང་རྗེས་ཉིན་རེའི་བཙོག་ཆུ་གཙང་སེལ་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི་2.5ཟིན་ནས་སྟག་རྩེ་ཡུག་ཁུལ་དང་སློབ་གསོའི་གྲོང་ཡུག་ཁུལ་གྱི་བཙོག་ཆུ་གཙང་སེལ་ནུས་པ་མི་འདང་བའི་གནད་དོན་རྦད་དེ་ཐག་གཅོད་ཐུབ་རྒྱུ་རེད་ཅེས་བཤད།

རྣམ་གྲངས་བསྐྲུན་རྗེས།དཔལ་སྡིངས་བཙོག་ཆུ་གཙང་སེལ་བཟོ་གྲྭའི་དུས་ཐེངས་དང་པོ་དང་གཉིས་པར་བཙོག་ཆུ་གཙང་སེལ་བྱེད་ནུས་སྨི་རྒྱ་དཔངས་གྲུ་བཞི་ཁྲི་4ཟིན་རྒྱུ་དང་།2035ལོའི་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་དགོས་མཁོར་གཞིགས་ནས་མི་ཁྲི་35ལ་ཞབས་ཞུ་བསྒྲུབ་རྒྱུ་ཡིན་པ་རེད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-04 6 6 拉萨日报藏文 c178679.html 1 དཔལ་སྡིངས་བཙོག་ཆུ་གཙང་སེལ་བཟོ་གྲྭའི་དུས་ཐེངས་གཉིས་པའི་རྣམ་གྲངས་སྔོན་དཔག་བྱས་ན་སང་ལོའི་ཟླ་བརྒྱད་པར་ལས་མཇུག་འགྲིལ་རྒྱུ་ཡིན་པ། /enpproperty-->