ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཚེས་1ཉིན།ལྷ་ས་གྲོང་ཁྱེར་གྱི་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད།
གྲོང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ཀྲང་ཏིང་ཁྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག《གཞི་རིམ་བཅོས་སྐྱོང་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གནད་བསྡུས》(ཆེད་དོན་དང་པོ)དང་།གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ཀྱི་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་ཡིག་ཐོག་ནས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་མ་ཟད།ལྷ་ས་གྲོང་ཁྱེར་གྱི་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ཀྱི་ལས་འགན་གསལ་ཐོར་ཞིབ་འཇུག་དང་གྲོས་བསྡུར་ཡང་གནང་བ་རེད།
ཀྲང་ཏིང་ཁྲེང་གིས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་དེ་ནི་གྲོང་ཨུད་ཀྱིས་དོན་ཆེན་བཞིར་དམིཊ་པ་དང་། འཛུགས་གཏོད་བཞིར་ཤུགས་སྣོན་རྒྱག་པ།གདོང་དམག་བདུན་ཡག་པོ་བྱེད་པ་བཅས་ཀྱི་བྱེད་ཐབས་གལ་ཆེན་ལ་དམིགས་པ་ཞིག་ཡིན་ལ།དེ་ནི་མིག་སྔ་དང་ཕུགས་ལ་ཕན་པའི་ཆབ་སྲིད་ཀྱི་འདུ་འགོད་དང་།དམངས་སེམས་ཀྱི་འདུ་འགོད།རྨང་གཞིའི་འདུ་འགོད་བཅས་ཡིན་པས།ཆབ་སྲིད་དང་།དཔལ་འབྱོར།སྤྱི་ཚོགས་བཅས་ཀྱི་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད་ཅེས་གསུངས་གནང་བ་རེད།
ཀྲང་ཏིང་ཁྲེང་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་གཞི་རིམ་གྱི་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་དང་། རིགས་དབྱེ་གནད་འཁེལ་དང་སྲིད་ཇུས་ལག་ལེན་དུ་བསྟར་ནས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ཀྱི་གཙོ་གནད་ལས་ཀའི་ལས་འགན་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས་པ།འགན་འཁྲི་ནན་དུ་བཏང་ནས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ཡག་པོ་སྒྲུབ་པའི་ལས་ཀའི་མཉམ་ཤུགས་ཆེན་པོ་ཞིག་ཆཊ་པར་བྱེད་དགོས་པ།རྫོང(ཆུས)དང་།ནུས་པའི་གླིང་ཁུལ།གྲོང་ཁྱེར་ཐད་གཏོགས་ཚན་པ་བཅས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེར་གཏོང་བྱ་སྤྱོད་ཀྱི་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་དང་།ལྷག་པར་དུ་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་གསུང་བཤད་ཀྱི་བླང་བྱ་ལྟར་དམིགས་ཚད་ཆེན་པོ་གསུམ་ལ་དམིགས་པ་དང་།ཅན་བཞི་མཉམ་འདྲེས་མཐའ་འཁྱོངས།ལས་གཞི་ཆེན་པོ་ལྔ་ལག་བསྟར་བཅས་བྱས་ཏེ་ངར་ཤུགས་དང་བརྩོན་ཤུགས་ཀྱི་ཐོག་ནས་གཙོ་གནད་བྱ་ཐབས་ཁག་ལ་སྐུལ་འདེད་བཏང་སྟེ་གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་དེ་ཁྱད་ཆོས་ལྡན་པ་དང་།བཀྲག་མདངས་འཚེར་ས་ཡོད་པ།དཔེ་སྟོན་གྱི་ནུས་པ་ཐོན་པ་བཅས་བྱས་ཏེ།དངོས་སྒྲུབ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་དུས་རབས་གསར་པའི་ལྷ་སའི་གཞི་རིམ་བཅོས་སྐྱོང་གི་ལེའུ་གསར་པ་ཞིག་རྩོམ་དགོས་པའི་ནན་གསུངས་གནང་བ་རེད།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社