ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་2ཉིན།གྲོང་ཨུད་དྲིལ་བསྒྲགས་པུས་གཙོ་གཉེར་བྱས་པ་དང་ཆུ་ཤུར་རྫོང་གིས་གཉེར་འགན་འཁུར་བའི་ང་ཚོའི་དུས་ཆེན།དྭངས་གསལ་དུས་ཚིགས་སུ་འབྱུང་འཕྲོད་དང་།དྭངས་གསལ།ཤེས་དཔལ་བཅས་མཉམ་དུ་སྤེལ་ཞེས་པའི་དྭངས་གསལ་དུས་ཚིགས་ཀྱི་ལག་ལེན་བྱེད་སྒོ་དེ་ཆུ་ཤུར་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཐང་ཆེན་དུ་གཉེར་ཡོད་པ་རེད།
བྱེད་སྒོ་སྤེལ་རིང་།མི་རེ་རེས་ལག་ཏུ་ལུག་མིག་མེ་ཏོག་དཀར་པོ་དང་སེར་པོ་འཁྱེར་ནས་སྔོན་གཤེགས་དཔའ་བོ་དང་གཉེན་ཉེར་མྱ་ངན་དང་དྲན་གསོ་ཞུ་བའི་བརྩེ་སེམས་མཚོན་པར་བྱས་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། མི་དམངས་ཉེན་རྟོག་པ། སྔོན་གཤེགས་དཔའ་བོའི་ནང་མི་བཅས་ཀྱི་འཐུས་མིས་གཏམ་བཤད་སྤེལ་ནས་ཚང་མ་དང་མཉམ་དུ་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བ་དང་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱས་ཡོད།བྱེད་སྒོ་སྤེལ་བ་བརྒྱུད་ཏང་གི་ཐུགས་ཁུར་སྔོན་གཤེགས་དཔའ་བོའི་ཁྱིམ་མིར་ཚོར་ཐུབ་པར་བྱས་ནས་སྔོན་གཤེགས་དཔའ་བོའི་ཁྱིམ་མི་དང་འབྲེལ་བ་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ཡོད། དེས་མ་ཚད་སྲོལ་རྒྱུན་དུས་ཆེན་གྱི་རིག་གནས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་བར་མ་ཟད། ཤེས་དཔལ་མཆོད་འབུལ་གྱི་འདུ་ཤེས་དེ་བས་ཟབ་ཏུ་ཕྱིན་ནས་ཤེས་དཔལ་མཆོད་འབུལ་དེ་དྭངས་གསལ་དུས་ཚིགས་ཀྱི་དར་སྲོལ་གསར་པ་ཞིག་ཏུ་གྱུར་ཡོད།
དེའི་རིང་།བྱེད་སྒོའི་ནང་ཞུགས་མཁན་གྱི་སློབ་མའི་འཐུས་མི་ཚོས་མཉམ་དུ་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་གསར་བརྗེའི་སྔོན་བྱོན་པ་ཚོར་བསྟོད་བསྔགས་བྱེད་པའི་སྙན་ངག་གྱེར་འདོན་བྱས་པ་རེད། གྱེར་འདོན་བྱས་པའི་སྙན་ངག་རེ་རེས་མི་སེམས་ལ་གཡོ་འགུལ་ཆེན་པོ་ཐེབས་སུ་བཅུག་ཅིང་། མཚམས་རེར་སྐད་གསང་མཐོན་པོས་གྱེར་འདོན་བྱས་པ་དང་།མཚམས་རེར་སྐྱོ་སྣང་ཆེན་པོས་མྱ་ངན་ཞུས་པ།མཚམས་རེར་རྔམ་བརྗིད་ལྡན་པའི་སྒོ་ནས་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་ཡོད།
ཆུ་ཤུར་རྫོང་སློབ་འབྲིང་གི་སློབ་མ་སྐལ་བཟང་ཆོས་སྐྱིད་ཀྱིས་སློབ་མ་ཞིག་གི་ངོས་ནས་བརྗོད་ན།ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་ལས་སློབ་སྦྱོང་གི་གལ་ཆེའི་རང་བཞིན་སྔར་བས་གསལ་པོ་རྟོགས་བྱུང་། ང་ཚོས་མུ་མཐུད་ནས་སློབ་སྦྱོང་བྱེད་པ་དང་ཆབས་ཅིག་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་དར་སྤེལ་བཏང་ནས་རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱལ་གཅེས་རིང་ལུགས་ལག་ལེན་དུ་བསྟར་ཏེ་སྤྱི་ཚོགས་དང་རྒྱལ་ཁབ་ལ་ཕན་ཐོགས་པའི་མི་ཞིག་བྱ་རྒྱུ་ཡིན་ཞེས་བཤད།
ད་ཐེངས་ཀྱི་བྱེད་སྒོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་གཅེས་ཀྱི་སྤྲོ་སེམས་འཕེལ་བར་བྱེད་པ། མི་རིགས་ཀྱི་སྙིང་སྟོབས་འཕེལ་བར་བྱེད་པ་བཅས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་སློབ་ཚན་ཞིག་ཡིན་ལ།ཚང་མའི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ཞི་མཐུན་དང་།བརྟན་ལྷིང་། དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་སྐུལ་སློང་ཚོགས་འདུ་ཞིག་ཀྱང་རེད།
ཆུ་ཤུར་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་རིམ་གསུམ་ཀྲུའུ་རེན་གྱི་ཁོའོ་ཡོན་བསྟན་འཛིན་ངག་སྒྲོན་གྱིས་ད་ཐེངས་ཀྱི་བྱེད་སྒོར་ཞུགས་ནས་སྔོན་གཤེགས་དཔའ་བོའི་ཁྱིམ་མིའི་གཏམ་བཤད་ལ་ཉན་རྗེས་སེམས་འགུལ་ཆེན་པོ་ཐེབས་བྱུང་། ངས་འོད་སྟོང་འཕྲོ་བའི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་པ། སྔོན་གཤེགས་དཔའ་བོའི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ནས་སྔོན་གཤེགས་དཔའ་བོ་ཚོར་བཅངས་པའི་མྱ་ངན་གྱི་བསམ་པ་དང་། བྱ་གཞག་ལ་བཅངས་པའི་བརྩེ་སེམས་དེ་ནང་སེམས་ལ་འཇགས་པ་དང་ཕྱིའི་ལག་ལེན་དུ་འཁྱོལ་བར་བྱས་ནས་ཆུ་ཤུར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆེད་དུ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།
ཆུ་ཤུར་རྫོང་དམག་ཞབས་ཐིམས་པའི་དམག་མིའི་ལས་དོན་ཅུས་ཀྱི་ཅུས་ཀྲང་ཀྲོའུ་ལེང་གིས་ཕྱིས་འབྱུང་ང་ཚོས་ཆུ་ཤུར་གྱི་ཏང་འཛུགས་ལས་འགུལ་གྱི་སྤུས་རྟགས་གཏོད་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ།གསར་བརྗེའི་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་ནས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱ་རྒྱུ་དེ་གསོན་ཉམས་དོད་པོར་འགྱུར་བར་བྱ་རྒྱུ་དང་།དམག་ཞབས་ཐིམས་པའི་དམག་མིར་སེམས་ཁུར་དང་གཅེས་སྐྱོང་། སེམས་ནུས་ཡོད་རྒུ་བཏོན་ནས་ཞབས་འདེགས་ཞུ་བའི་འདུ་ཤེས་ལ་བརྟེན་ནས་ཞབས་ཞུའི་འགན་ལེན་གྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་མ་ཟད། སྲིད་ཇུས་ཁག་དོན་འཁྱོལ་ཞིབ་ཚགས་བྱས་ཏེ་དམག་ཞབས་ཐིམས་པའི་དམག་མི་དང་གཟིགས་སྐྱོང་བྱ་ཡུལ་གཞན་དག་གི་ཁྲིམས་མཐུན་གྱི་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱས་ནས་དམག་ཞབས་ཐིམས་པའི་དམག་མི་དང་གཟིགས་སྐྱོང་བྱ་ཡུལ་གཞན་དག་གིས་གྲོང་གསེབ་དར་རྒྱས་དང་གཞི་རིམ་བཅོས་སྐྱོང་སོགས་ཀྱི་ཁྱབ་ཁོངས་ཁྲོད་གདོང་དམག་ཡག་པོ་ཞིག་བྱ་རྒྱུར་སྐུལ་མ་དང་ཁྲིད་སྟོན་བྱ་རྒྱུ་ཡིན་ཞེས་བཤད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社