ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཚེས་2ཉིན་གྱི་སྔ་དྲོར།གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཡུན་ཧྲོན་གྱིས་རུ་སྣེ་ཁྲིད་དེ་མལ་གྲོ་གུང་དཀར་རྫོང་དུ་གཞི་རྩའི་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་བ་རེད།
མལ་གྲོ་གུང་དཀར་རྫོང་དུ་བརྟག་ཞིབ་ཚོགས་ཆུང་གིས་སྙན་ཞུར་ཉན་པ་དང་།ཡུལ་དངོས་སུ་ལྟ་ཞིབ་བྱེད་པ།བཞུགས་མོལ་ཚོགས་འདུ་འཚོགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད།རྫོང་དེའི་སྤྱི་ཚོགས་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་གི་གཞི་རྩའི་གནས་ཚུལ་དང་།མིག་སྔར་ལྷག་པའི་དཀའ་ངལ་དང་གནད་དོན་ལ་ཤེས་རྟོགས་ཞིབ་ཕྲ་བྱས་པར་མ་ཟད།ཇི་ལྟར་བྱས་ཏེ་རྫོང་དེའི་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་སྔར་བས་འཐུས་ཚང་དུ་གཏོང་རྒྱུའི་ཐད་ལའང་མཛུབ་ཁྲིད་རང་བཞིན་གྱི་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།
བརྟག་ཞིབ་ཚོགས་ཆུང་གིས་ཉེ་བའི་ལོ་ཤས་རིང་།མལ་གྲོ་གུང་དཀར་རྫོང་གི་རྒན་གསོའི་སྤྱི་ཚོགས་བྱ་གཞག་ལ་ཡར་རྒྱས་ཆེན་པོ་བྱུང་ཡོད་མོད།ཉིན་བཞིན་ཚབས་ཆེ་རུ་འགྲོ་བཞིན་པའི་སྤྱི་ཚོགས་རྒན་རྒོན་ཅན་གྱི་གནད་དོན་དང་བསྡུར་ན་འཕེལ་རྒྱས་དེ་ཙམ་ཡག་པོ་མེད་པ་དང་དོ་སྙོམས་མེད་པས།སྤྱི་ཚོགས་ཀྱི་རྒན་གསོའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ད་དུང་ལས་ཀ་ཧ་ཅང་མང་པོ་བྱེད་དགོས་པ་དང་།རྫོང་ཨུད་དང་རྫོང་སྲིད་གཞུང་།དེ་བཞིན་འབྲེལ་ཡོད་ཚན་པས་རྒན་གསོའི་ཞབས་ཞུའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་མུ་མཐུད་ཆེར་གཏོང་དང་།རྒན་གསོའི་ཞབས་ཞུའི་ནོར་ཤུགས་འགན་ལེན་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས་རྒན་གསོའི་ཞབས་ཞུ་བའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་པ་རེད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社