分享按钮

གུང་གཞོན་སྡེ་ཚོགས་གྲོང་ཨུད་ཀྱིས་སྙེ་མོ་རྫོང་དུ་གཞི་རིམ་དུ་སྐྱོད་པ་བཞིའི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར། གུང་གཞོན་སྡེ་ཚོགས་གྲོང་ཨུད་ཀྱིས་སྙེ་མོ་རྫོང་དུ་གཞི་རིམ་དུ་སྐྱོད་པ་བཞིའི་བྱེད་སྒོ་གཏིང་ཟབ་ངང་སྤེལ་ཡོད་ཅིང་།གནད་སྨིན་ནུས་ལྡན་གྱི་བྱེད་ཐབས་རབ་དང་རིམ་པ་བརྒྱུད་ས་གནས་དེ་གའི་གཞོན་ནུ་ཚོར་ལས་ཞུགས་ཀྱི་རྒྱབ་སྐྱོར་བྱས་པ་དང་འབྲེལ་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་བརྒྱུད་སྡེ་ཁུལ་གྱི་གོང་བུ་འགྲིལ་ཤུགས་ཆེ་རུ་བཏང་ཡོད་པ་དང་། གུང་གཞོན་སྡེ་ཚོགས་གྲོང་ཨུད་ཀྱིས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོང་བྱས་ཏེ་གཞོན་ནུའི་གསོན་ཤུགས་འཕེལ་བར་བྱེད་པའི་ཆོད་སེམས་དང་ནུས་པ་གང་ལེགས་མཚོན་པར་བྱས་པ་རེད།

གུང་གཞོན་སྡེ་ཚོགས་གྲོང་ཨུད་ཀྱིས་དང་ཐོག་སྙེ་མོ་རྫོང་དུ་ལས་ཞུགས་སྲིད་ཇུས་སྒྲོག་འགྲེལ་དང་ལས་གནས་སྦྲེལ་མཐུད་ཀྱི་ཚོགས་འདུ་འཚོགས་ནས་ཀྲུང་གོ་སྲོག་རྟེན་འགན་བཅོལ་དང་། པད་མ་ནོར་འཛིན།ལྷ་སའི་མ་འཇོག་བཅས་ཚུད་པའི་ཁེ་ལས་སྣ་ཚོགས་ལ་སྦྲེལ་མཐུད་བྱས་ནས་སྙེ་མོ་རྫོང་གི་ལས་ཞུགས་ཐུབ་མེད་པའི་སློབ་ཆེན་སློབ་མ་40ལྷག་ཙམ་ལ་ལས་གནས་50ལྷག་ཙམ་མཁོ་འདོན་བྱས་ཡོད།

དེའི་རྗེས་སུ་གུང་གཞོན་སྡེ་ཚོགས་གྲོང་ཨུད་ཀྱིས་ད་དུང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བར་དྲན་གསོ་ཞུ་བའི་སྒྲོག་འགྲེལ་དང་།ལེ་ཧྥུང་ལ་སློབ་སྦྱོང་དང་ཤེས་དཔལ་ལག་ལེན་དུ་བསྟར་བར་ངས་བྱ་སྤྱོད་སྤེལ་ཞེས་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།སྒྲོག་འགྲེལ་བྱེད་སྐབས། གུང་གཞོན་སྡེ་ཚོགས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཨོ་རྒྱན་རྡོ་རྗེས་གྲོང་མི་ཚོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བའི་ལོ་རྒྱུས་ཀྱི་འཕོ་འགྱུར་རྒྱས་བཤད་གནང་བ་རེད། བྱེད་སྒོ་སྤེལ་རིང་།དང་བླངས་པ་ཚོས་ད་དུང་སྙེ་མོ་རྫོང་རི་མཚོ་གྲོང་ཚོའི་མང་ཚོགས་ལ་འབྲུ་སྣུམ་སོགས་འཚོ་བའི་མཁོ་ཆས་སྤྲད་པ་དང་།ཁོར་ཡུག་ལ་གཙང་སྦྲ་བྱས་པས་གྲོང་ཚོའི་ནང་གི་ཁོར་ཡུག་སྐྱིད་སྣང་དོད་དུ་བཏང་བར་མ་ཟད། གཞོན་ནུ་དང་བླངས་པའི་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་ཀྱང་མངོན་པར་བྱས་ཡོད།

གུང་གཞོན་སྡེ་ཚོགས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བསྟན་འཛིན་སྒྲོལ་མས་གཞི་རིམ་དུ་སྐྱོད་པ་བཞིའི་ལམ་སྲོལ་ལ་བརྟེན་ནས་གུང་གཞོན་སྡེ་ཚོགས་གྲོང་ཨུད་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་སྟེ་ཏང་གིས་གཞོན་ནུ་དང་འབྲེལ་བ་བྱེད་པའི་སྦྲེལ་ཟམ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། ང་ཚོས་རྒྱ་ཆེའི་གཞོན་ནུ་སྒྲིག་འཛུགས་དང་། སྐུལ་སློང་། གཅིག་སྡུད་བཅས་ལ་གཞོལ་ནས་ཁོང་ཚོའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྔར་བས་འཕེལ་བར་བྱས་ཡོད། བྱེད་སྒོ་དེ་དག་སྤེལ་བ་བརྒྱུད་ང་ཚོས་ཏང་ཡོན་ལས་བྱེད་པ་དང་། གཞོན་ནུ་དང་བླངས་པ། མང་ཚོགས་བཅས་ཀྱི་འབྲེལ་བ་ཟབ་ཏུ་བཏང་ཡོད་ཅེས་བཤད་པ་རེད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-04 6 6 拉萨日报藏文 c178675.html 1 གུང་གཞོན་སྡེ་ཚོགས་གྲོང་ཨུད་ཀྱིས་སྙེ་མོ་རྫོང་དུ་གཞི་རིམ་དུ་སྐྱོད་པ་བཞིའི་བྱེད་སྒོ་སྤེལ་བ། /enpproperty-->