ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་2ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི། གྲོང་ཨུད་སྒྲིག་གཞི་སྒྲིག་ཁོངས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་སྒྲིག་གཞི་སྒྲིག་ཁོངས་ཨུ་ལྷན་གྱི་2024ལོའི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་ནས་འཚོགས་པ་རེད། ཁོང་གིས་ནན་གསུངས་གནང་དོན། དུས་རབས་གསར་པའི་སྒྲིག་གཞི་སྒྲིག་ཁོངས་ལས་དོན་གྱི་འགན་འཁྲི་དང་ལས་འགན་ལ་དམིགས་ཏེ་སྒྲིག་གཞི་སྒྲིག་ཁོངས་ཀྱི་ཐོན་ཁུངས་བཀོད་སྒྲིག་སྔར་བས་ལེགས་སུ་གཏོང་བ་དང་། སྒྲིག་གཞི་སྒྲིག་ཁོངས་དོ་དམ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་རྩ་འཛུགས་ཀྱི་འགན་ལེན་དང་ལམ་ལུགས་ཀྱི་འགན་ལེན་ནུས་ལྡན་བྱེད་དགོས།
གྲོང་ཁྱེར་གྱི་འགོ་ཁྲིད་ཝང་ཆང་དང་། ཀྲང་ཏིང་ཁྲེང་། ཀྲང་ཁྲུན་དབྱང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
ཚོགས་འདུའི་ཐོག ཀྲུང་དབྱང་གི་སྐབས་ཉི་ཤུ་པའི་སྒྲིག་ཁོངས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གཉིས་པ་དང་། རྒྱལ་ཡོངས་སྒྲིག་ཁོངས་གཞུང་ལས་ཁང་གི་ཀྲུའུ་རེན་གྱི་ཚོགས་འདུ། རང་སྐྱོང་ལྗོངས་སྒྲིག་གཞི་སྒྱུར་བཅོས་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་དང་ལྗོངས་ཡོངས་ཀྱི་སྒྲིག་ཁོངས་གཞུང་ལས་ཁང་གི་ཀྲུའུ་རེན་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གྲོང་ཨུད་སྒྲིག་ཁོངས་ཨུ་ལྷན་གྱི་2024ལོའི་ལས་ཀའི་གཙོ་གནད་དང་། ལས་ཀའི་སྒྲིག་སྲོལ། སྒྲིག་ཁོངས་གཞུང་ལས་ཁང་གི་ལས་ཀའི་ཞིབ་སྲོལ་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། སྒྲིག་གཞི་སྒྲིག་ཁོངས་དང་འབྲེལ་ཡོད་ཞིབ་ཕྲའི་དོན་ཚན་ལའང་ཞིབ་འཇུག་བྱས་པ་རེད།ཤའོ་ཡིའུ་ཚའེ་ཡིས་ནན་གསུངས་གནང་དོན།(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社