分享按钮

ཡན་ཅིན་ཧའེ་ཡིས་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ནགས་བཟོའི་ལས་དོན་ལ་བརྟག་ཞིབ་གནང་སྐབས།

ཚད་གཞི་དང་སྤུས་ཚད་མཐོ་བའི་སྒོ་ནས་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭར་སྐུལ་འདེད་བཏང་སྟེ་མི་དམངས་མང་ཚོགས་ལ་མཛེས་སྡུག་ལྡན་པའི་འབྱུང་ཁམས་ཁོར་ཡུག་ཁྲོད་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་དེ་བས་མང་བ་ཐོབ་པར་བྱེད་དགོས་པའི་ནན་གསུངས་གནང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ནགས་བཟོ་དང་། ལེ་ལག་ཚང་བའི་ཆུ་བེད་ལས་གྲྭ ཤིང་སོན་གསོ་སྤེལ། དེ་བཞིན་ཆུ་ལམ་གྱི་འབྱུང་ཁམས་སྲུང་སྐྱོང་ཉམས་གསོའི་ཚོད་ལྟའི་ལས་གྲྭ་བཅས་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་ནན་གསུངས་གནང་དོན། ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པ་དོན་འཁྱོལ་གཏིང་ཟབ་བྱས་ནས་རི་བོ་གཉིས་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་ཚད་གཞི་དང་སྤུས་ཚད་མཐོ་བའི་སྒོ་ནས་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭར་སྐུལ་འདེད་བཏང་སྟེ་མི་དམངས་མང་ཚོགས་ལ་མཛེས་སྡུག་ལྡན་པའི་འབྱུང་ཁམས་ཁོར་ཡུག་ཁྲོད་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་དེ་བས་མང་བ་ཐོ་པར་བྱེད་དགོས།

འཇམ་དཔལ་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད་པ་རེད།

སླར་ཡང་ལོ་གཅིག་གི་དཔྱིད་ཀྱི་དཔལ་ཡོན་བཞད་པས་ལྷ་སའི་ལྷོ་བྱང་རི་བོར་ལྟ་སྐབས་ཤིང་སོན་རེ་རེ་བཞིན་དང་ལས་བྲེལ་ཆེ་བའི་གཟུགས་བརྙན་རེ་རེ་ལས་ཤིང་འཛུགས་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་མངོན་གྱི་ཡོད། སྣེའུ་ཕུག་ལམ་ཡུག་ཁུལ་དང་བོད་སྡེ་ཁུལ་ཨང་4པར་ཡན་ཅིན་ཧའེ་ཡིས་ཤིང་སོན་ལ་གཟིགས་པ་དང་། སྐྱེ་འཚར་ལ་བརྟག་པ། དོ་དམ་སྲུང་སྐྱོང་ཀྱི་སྐོར་འདྲི་བ། སྙན་སེང་གསན་པ་བཅས་གནང་བ་དང་། ཁོང་གིས་ཁྱེད་ཚོ་རྫོང་གང་ནས་ཡོང་བ་ཡིན། ཡོང་འབབ་གང་འདྲ་འདུག་ཅེས་བཀའ་འདྲི་གནང་རྗེས། ནགས་བཟོའི་བཟོ་པ་མང་ཆེ་བ་ནི་ལས་ཞུགས་གཞན་སྒྱུར་བྱེད་མཁན་གཞི་རིམ་གྱི་ཞིང་འབྲོག་མང་ཚོགས་ཡིན་པ་ཤེས་སྐབས་ཡན་ཅིན་ཧའེ་ཧ་ཅང་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་འབྱུང་ཁམས་དམངས་ཕན་གྱི་འདུ་ཤེས་བརྟན་པོར་བཙུགས་ནས་ཞིང་འབྲོག་མང་ཚོགས་ཤིང་འཛུགས་ནགས་བཟོའི་ནང་ཞུགས་རྒྱུའི་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་སྔོ་ལྗང་འཕེལ་རྒྱས་ཁྲོད་ནས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་ཐོབ་པ་དང་ཕན་པ་དངོས་ཐོབ་པར་བྱེད་དགོས་ཞེས་གསུངས་པ་རེད། ཁོང་གིས་ནན་གསུངས་གནང་དོན། ལྷོ་བྱང་རི་བོའི་སྔོ་འགྱུར་འདུ་འགོད་འཛུགས་སྐྲུན་བྱ་རྒྱུ་ནི་མིག་སྔར་གཞི་ཚུགས་ཏེ་ཕུགས་ལ་དམིགས་པ་དང་བྱས་རྗེས་དེང་འདིར་བཞག་ནས་ཕན་འབྲས་བསྐལ་བརྒྱར་ཐོན་པར་བྱེད་པའི་འཐབ་ཇུས་ཀྱི་ལས་འགན་ཞིག་རེད། ཕྱོགས་ཁག་གིས་ཚད་མཐོའི་མཐོང་ཆེན་དང་ཕྱར་བ་གྲུ་འདེགས་བྱས་པའི་འོག་མིག་སྔར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། མུ་མཐུད་དམིགས་འབེན་ལ་དོ་སྣང་བྱས་ཏེ། མེ་འགོག་དང་། ཆུ་འདྲེན། དོ་དམ་སྲུང་སྐྱོང་བཅས་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། ཉེ་བ་ནས་རྒྱང་བ་དང་། དམའ་བ་ནས་མཐོ་བའི་སྔོ་འགྱུར་གྱི་གོ་རིམ་སྤྱད་དེ། རིམ་གྱིས་གནས་རྣམས་ཡུག་གཅིག་ཏུ་འབྲེལ་བ་དང་། དེ་ནས་ཕྱི་རུ་ཁྱབ་འགྱེད་བྱས་ཏེ། འཁོར་རྒྱུག་བཟང་པོ་ཆགས་པར་བྱས་ཐོག་ལས་ཀའི་ཕན་འབྲས་གོང་མཐོར་གཏོང་དགོས། ཡུལ་བབ་དང་བསྟུན་པ་དང་། དོན་དངོས་དང་བསྟུན་པ། ས་གནས་འདི་གའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ། ས་ཆ་འཚམ་སར་ཤིང་འཛུགས་པ། གང་ཞིག་སྐྱེ་བར་འཚམ་ན་དེ་འཛུགས་དགོས། ནགས་ཁྲོད་དཔལ་འབྱོར་འཚོལ་ཞིབ་ཧུར་ཐག་བྱས་ནས་དཔལ་འབྱོར་ནགས་ཤིང་འཛུགས་ཤུགས་ཆེ་རུ་གཏོང་བ་དང་། འབྱུང་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གཉིས་ཁེ་ཡོང་གང་ཐུབ་བཅས་བྱས་ནས་མང་ཚོགས་ཀྱིས་ཡག་པོ་འདུག་ཟེར་བའི་ལྗོན་ཤིང་དང་ལས་བྱེད་པའི་སྤྱོད་གཙང་གི་ལྗོན་ཤིང་འཛུགས་དགོས། ཤིང་འཛུགས་མཁན་གྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་། ལས་གྲྭའི་འབྲེལ་ཡོད་བརྙན་པར་དཔྱད་གཞི་འཚོལ་བསྡུ་དང་ཉར་ཚགས་ཡག་པོ་བྱེད་པ། འབྱུང་ཁམས་ཀྱི་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་མི་ཚང་མས་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལག་ལེན་པ་དང་སྐུལ་འདེད་གཏོང་མཁན་ཞིག་ཏུ་བརྩོན་ལེན་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་སྐུལ་ཁྲིད་བྱེད་དགོས།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-04 ཡན་ཅིན་ཧའེ་ཡིས་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ནགས་བཟོའི་ལས་དོན་ལ་བརྟག་ཞིབ་གནང་སྐབས། 6 6 拉萨日报藏文 c178672.html 1 ཚད་གཞི་དང་སྤུས་ཚད་མཐོ་བའི་སྒོ་ནས་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭར་སྐུལ་འདེད་བཏང་སྟེ་མི་དམངས་མང་ཚོགས་ལ་མཛེས་སྡུག་ལྡན་པའི་འབྱུང་ཁམས་ཁོར་ཡུག་ཁྲོད་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་དེ་བས་མང་བ་ཐོབ་པར་བྱེད་དགོས་པའི་ནན་གསུངས་གནང་བ། /enpproperty-->