分享按钮

གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་གནམ་མཚོའི་མཚོ་སྒོ་འབྱེད་པའི་བྱེད་སྒོའི་གྲ་སྒྲིག་ལས་དོན་ལ་བརྟག་ཞིབ་གནང་བ།

ཁྲེན་ཅིང་གིས་རུ་སྣེ་ཁྲིད་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་4ཚེས་1ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་ཁྲེན་ཅིང་གིས་རུ་ཁག་གི་སྣེ་ཁྲིད་དེ་འདམ་གཞུང་རྫོང་གནམ་མཚོའི་མཛེས་ལྗོངས་ཁུལ་གྱི་ཡུལ་དངོས་སུ་མཛེས་ལྗོངས་ཁུལ་གྱི་གནས་ཚུལ་ལ་བརྟག་ཞིབ་བྱེད་པར་བསྐྱོད་ནས་གནམ་མཚོའི་མཚོ་སྒོ་འབྱེད་པའི་བྱེད་སྒོའི་གྲ་སྒྲིག་ལས་དོན་ལ་སྤྱི་འདོམས་བཀོད་གཏོང་གནང་བ་རེད།

ཟླ་4པའི་གནམ་མཚོར་རྒྱ་ཆེ་ལ་ལྷིང་འཇགས་ཀྱི་རྣམ་པ་ཞིག་མངོན་ཞིང་།བརྗིད་ཉམས་ཆེ་བའི་འཁྱགས་མཚོ་དང་རྒྱང་རིང་གི་གནམ་སྔོན་པོ།གངས་རི་བཅས་ཀྱི་ཉམས་འགྱུར་གྱིས་མཛེས་སྡུག་ལྡན་པའི་རི་མོ་ཞིག་མངོན།ཁྲེན་ཅིང་དང་བཅས་པ་གནམ་མཚོའི་འགྲམ་དུ་ཕེབས་ནས་གནམ་མཚོའི་རང་བྱུང་མཛེས་ལྗོངས་ལ་དངོས་སུ་མྱོང་རོལ་གནང་བ་དང་གནམ་མཚོའི་མཚོ་སྒོ་འབྱེད་པའི་ཉིན་མོའི་གར་སྟེགས་བསྐྲུན་པ་དང་བྱེད་སྒོའི་ཇུས་འགོད་སོགས་ཀྱི་གནས་ཚུལ་ལ་ཁྱོན་ཡོངས་ནས་མཁྱེན་རྟོགས་གནང་བ་རེད།

ཁྲེན་ཅིང་གིས་གནམ་མཚོ་ནི་བོད་ཀྱི་མཚེའུ་ཆེ་གྲས་གཉིས་པ་ཡིན་པའི་ངོས་ནས་ལོ་ལྟར་ཡུལ་སྐོར་བ་རྒྱུན་ཆད་རྒྱུ་མེད་པ་དང་གནམ་མཚོའི་མཚོ་སྒོ་འབྱེད་པའི་ཉིན་མོའི་བྱེད་སྒོ་ཡག་པོ་གཉེར་བ་དེས་ལྷ་སའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཆེན་པོ་འགྲོ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-04 ཁྲེན་ཅིང་གིས་རུ་སྣེ་ཁྲིད་པ། 6 6 拉萨日报藏文 c178670.html 1 གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་གནམ་མཚོའི་མཚོ་སྒོ་འབྱེད་པའི་བྱེད་སྒོའི་གྲ་སྒྲིག་ལས་དོན་ལ་བརྟག་ཞིབ་གནང་བ། /enpproperty-->