ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་3ཚེས་15ཉིན། གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་བོད་ལྗོངས་རོང་པོ་བོད་སྨན་ཚད་ཡོད་ཀུང་སི་དང་མཉམ་འབྲེལ་ཐོག་བདུན་གཅིག་སྡེ་ཁུལ་དང་བཅིངས་འགྲོལ་ནུབ་ལམ་སྡེ་ཁུལ་གྱི་གྲོང་མི་མང་ཚོགས་ལ་སྨན་བཅོས་དངོས་ཟོག་ཞལ་འདེབས་བརྒྱབ་པ་རེད།
བདུན་གཅིག་སྡེ་ཁུལ་དུ་རིན་ཐང་སྒོར་ཁྲི་57རི་བའི་བོད་སྨན་ཀོ་ཡོལ་སྒམ་60སྤྲད་རྗེས་གྲོང་ཁྱེར་ཚོང་དོན་ཅུས་དང་བོད་ལྗོངས་རོང་པོ་བོད་སྨན་ཚད་ཡོད་ཀུང་སིའི་འབྲེལ་ཡོད་ལས་དོན་མི་སྣ་ཁོངས་གཏོགས་ཁུལ་གྱི་གྲོང་མི་མང་ཚོགས་ཀྱི་ཁྱིམ་དུ་སླེབས་ཤིང་། ཁོང་ཚོ་ཁྱིམ་ཚང་རེ་རེར་སླེབས་རིམ་བཞིན་ཁྱིམ་མིའི་གཟུགས་པོའི་གནས་ཚུལ་འདྲི་རྩད་ཞིབ་ཚགས་བྱེད་ཀྱི་ཡོད་པར་མ་ཟད། གྲོང་མིར་བོད་སྨན་སྤྱོད་སྟངས་དང་དོ་སྣང་བྱེད་དགོས་ལུགས་འགྲེལ་བཤད་ཞིབ་ཕྲ་བྱེད་ཀྱི་ཡོད། བགྲེས་སོང་ཤི་ལོག་གིས་ངའི་ཕྲག་པའི་གཡས་གཡོན་དང་རྐང་པ་ནམ་རྒྱུན་ནས་ན་བཞིན་ཡོད། ད་ཆ་སྡེ་ཁུལ་དང་རྣམ་པ་ཚོས་ང་ལ་བོད་སྨན་གྱི་ཀོ་ཡོལ་སྤྲད་བྱུང་བས་ཧ་ཅང་དགའ་པོ་བྱུང་། ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།
ད་ཐེངས་ཀྱི་བྱེད་སྒོས་ཁོངས་གཏོགས་ཁུལ་གྱི་དུད་ཚང་340ལ་སྨན་སྤྲོད་པའི་ཞབས་ཞུ་བསྒྲུབས་པ་དང་། ཚང་མས་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྡེ་ཁུལ་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་ཐང་ལ་དོ་ཁུར་ཟབ་མོ་བྱེད་པའི་བརྩེ་སེམས་མཚོན་པར་བྱས་ཡོད། བོད་ལྗོངས་རོང་པོ་བོད་སྨན་ཚད་ཡོད་ཀུང་སིའི་སྤྱི་གཉེར་ལིའུ་ཏུའུ་ཅོན་ལ་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་རྗེས་དེ་བས་ཡིད་ཆེས་བརྟན་པོའི་ངང་ཕྱིས་འབྱུང་། ང་ཚོ་རོང་པོ་བོད་སྨན་ཚད་ཡོད་ཀུང་སིས་མུ་མཐུད་ཞལ་འདེབས་འབུལ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་སྡེ་ཁུལ་གྱི་མང་ཚོགས་དེ་བས་མང་བར་བདེ་ཐང་དང་། གཅེས་སྐྱོང་། དྲོ་སྐྱིད་བཅས་སྦྱིན་རྒྱུ་ཡིན་ཞེས་བཤད།
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社