ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་གྱི་ཐོན་སྐྱེད་བདེ་འཇགས་དང་ནགས་ཚལ་རྩྭ་ཐང་གི་མེ་ཟོན་སྔོན་འགོག་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་ཤིང་། སློབ་མ་200ཙམ་གསོ་སྦྱོང་ནང་ཞུགས་ཡོད་པ་རེད།
ཐེངས་འདིའི་གསོ་སྦྱོང་ནང་། གྲོང་ཁྱེར་ལྷོ་བྱང་རི་བོའི་སྔོ་འགྱུར་བཀོད་འདོམས་པུའི་གཞུང་ལས་ཁང་དང་གྲོང་ཁྱེར་ནགས་ཚལ་མེ་ཟོན་རུ་ཆེན་སོགས་ཆེད་ལས་ལག་རྩལ་བྱང་ཆུབ་པ་དང་། ལས་སྒོའི་ནུས་པ་ལྡན་པ། ལས་ཀའི་ཉམས་མྱོང་ཕུན་སུམ་ཚོགས་པའི་དགེ་རྒན་མང་པོ་གདན་དྲངས་ནས་སློབ་ཁྲིད་བྱས་པ་རེད། གསོ་སྦྱོང་གི་ནང་དོན་ཁྲོད། ཉེན་ཟོན་སློབ་གསོ་དང་། ཁྲིམས་སྲོལ་སྒྲོག་འགྲེལ། ལས་སྒོ་ཁྱབ་གདལ་གཏོང་བ་སོགས་ཕྱོགས་མང་པོ་ཚུད་ཡོད་པ་རེད།
སློབ་མ་ཧུའུ་ཅན་ཀྲུང་གིས་གསོ་སྦྱོང་བྱས་པ་བརྒྱུད། ང་ཚོས་བདེ་འཇགས་ལ་རྒྱུས་མངའ་དེ་བས་ཆེ་བ་བྱུང་། ལྷོ་བྱང་རི་བོའི་སྔོ་འགྱུར་ལས་ཡུལ་གྱི་འགན་འཁུར་བ་ཞིག་ཡིན་པའི་ངོས་ནས་གསོ་སྦྱོང་གི་ནང་དོན་དེ་ལས་མི་ལས་བཟོ་ཡོངས་ལ་བརྒྱུད་བསྒྲགས་བྱས་ཏེ་སྔོ་འགྱུར་ཁྲོད་བདེ་འཇགས་ལ་སྣང་ཆེན་དང་བདེ་འཇགས་ལ་དོ་ཁུར་བྱེད་དུ་བཅུག་ནས“ཚེ་སྲོག་བླ་ན་མེད་པ་དང་། བདེ་འཇཊ་ཨང་དང་པོ”ཡིན་པའི་འདུ་ཤེས་བརྟན་པོར་བཙུཊ་ནས་ཐ་མག་འཐེན་འཕྲོ་རྐང་གཅིག་ཀྱང་ས་སྟེང་དུ་དབྱུག་མི་ཆོག་པར་བདེ་འཇགས་ལྡན་པའི་སྔོན་འགྲོའི་ཆ་རྐྱེན་ལ་བརྟེན་ལས་སྒྲུབ་བྱ་རྒྱུར་འགན་ལེན་བྱ་ངེས་ཡིན་ཞེས་བཤད་པ་རེད།
མིག་སྔར་ལས་འགོ་བསྐྱར་ཚུགས་ཀྱི་འགག་རྩའི་དུས་མཚམས་དང་། ནགས་བཟོའི་ནམ་དུས་བཟང་ཤོས། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་གལ་ཆེའི་དུས་མཚམས་སུ་སླེབས་ཡོད་པའི་དུས་སྐབས་སུ། ལས་གྲྭའི་རྣམ་གྲངས་ཁག་སྔ་རྗེས་སུ་ལས་འགོ་ཚུགས་པ་དང་ལྷོ་བྱང་རི་བོའི་གཞི་ཁྱོན་ཆེན་པོས་ནགས་བཟོའི་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་ཏེ་ཐོན་སྐྱེད་བདེ་འཇགས་ལ་ནོར་འཁྲུལ་སྤུ་ཙམ་ཡང་མི་ཐོན་པར་བྱ་དགོས། ཐེངས་འདིའི་གསོ་སྦྱོང་ནང་དོ་དམ་མི་སྣ་དང་། ལས་ཀ་བྱེད་མཁན། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་བཅས་ཀྱི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་ཐོན་སྐྱེད་བདེ་འཇགས་ཁྲོད་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ཚང་མས་ཤེས་རྟོཊ་དང་རྒྱ་ཁྱབ་ངང་ཞུགས་པའི་སྤྱི་ཚོཊ་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད་པ་རེད།
གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་མེ་ཟོན་ཁོའོ་ཡི་ཁོའོ་ཀྲང་ཅང་ཧྲུའུ་རུའེ་ཡིས་གསོ་སྦྱོང་འཛིན་གྲྭ་གཉེར་ནས་ཚང་མར་ཐོན་སྐྱེད་བདེ་འཇགས་དང་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་འབྲེལ་ཡོད་བཅའ་ཁྲིམས་ཀྱི་ཁྲིམས་སྲོལ་དང་ལས་སྒོའི་ཤེས་བྱར་སྔར་བས་སློབ་སྦྱོང་ཡག་པོ་བྱས་ནས་ཐོན་སྐྱེད་བདེ་འཇགས་དང་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་འདུ་ཤེས་ཟབ་ཏུ་བཏང་སྟེ་ཐོན་སྐྱེད་བདེ་འཇགས་དོ་དམ་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་ཚོད་འཛིན་གྱི་ནུས་པ་ཆེ་རུ་ཏན་ཏིག་བཏང་ནས་རང་གྲོང་གི་ནགས་ཚལ་དང་རྩྭ་ཐང་གི་བྱ་གཞག་དང་ལྷག་པར་དུ་ལྷོ་བྱང་རི་བོའི་སྔོ་འགྱུར་རྒྱུན་མཐུད་དང་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ཆ་རྐྱེན་བསྐྲུན་པ་དང་རྨང་གཞི་བརྟན་པོ་ཞིག་འདིང་དགོས་ཞེས་བཤད་པ་རེད།
(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社