分享按钮

བོད་ཀྱི་གནམ་ཐང་ཚོགས་པས་T3གནམ་ཐང་འབབ་ཚུགས་ཀྱི་རིམ་པ་དང་པོའི་

མེ་སྐྱོན་འཕྲལ་སྡོམ་དངོས་འཐབ་ཀྱི་ནང་སྦྱོང་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཅང་ཤིས་ཤིན་ཡུས་གྲོང་ཁྱེར་གྱི“1·24”དང་ཧོ་ནན་ནན་དབྱང་གྲོང་ཁྱེར་གྱི“1·19”ཡི་མེ་སྐྱོན་ལས་འཛོལ་ཚབས་ཆེན་གྱི་བསླབ་བྱ་དང་ལེན་གཏིང་ཟབ་བྱས་ནས་མི་སྣ་འདུ་འཛོམས་མང་བའི་ཁུལ་གྱི་འཕྲལ་སྡོམ་ཁ་འགྲེམས་ཀྱི་ནུས་པ་ཆེ་རུ་གཏོང་ཆེད། ཉེ་ཆར། བོད་ཀྱི་གནམ་ཐང་ཚོགས་པས་T3གནམ་ཐང་འབབ་ཚུགས་ཀྱི་རིམ་པ་དང་པོའི་མེ་སྐྱོན་འཕྲལ་སྡོམ་ཁ་འགྲེམས་ཀྱི་དངོས་འཐབ་ནང་སྦྱོང་བྱས་པ་རེད།

ནང་སྦྱོང་དེ་ལྷ་ས་གོང་དཀར་གནམ་ཐང་T3འབབ་ཚུགས་སུ་གཞི་ཁྱོན་ཆེ་བའི་མེ་སྐྱོན་ཐོན་རྒྱུ་རྒྱབ་ལྗོངས་སུ་བྱས་ཤིང་། གནམ་ཐང་འབབ་ཚུཊ་ཀྱི་རིམ་པ་དང་པོའི(གཞི་ཁྱོན་ཆེ་བ)འཕྲལ་སྡོམ་ཁ་འགྲེམས་བཀའ་རྒྱར་གཞིཊ་ནས་ཚན་པ་ཁག་གི་འཕྲལ་སྡོམ་རྩ་འཛུཊ་དང་། འབྲེལ་གཏུག་མཐུན་སྦྱོར། ཆ་འཕྲིན་བརྡ་ཁྱབ། མི་སྣ་ཁ་འགྲེམས་བསྡུ་རུབ་སོཊ་ཀྱི་ནང་དོན་ལ་དམིཊ་ནས་དངོས་འཐབ་ནང་སྦྱོང་བྱས་པ་རེད། ཐེངས་འདིའི་དངོས་འཐབ་ནང་སྦྱོང་ཁྲོད། T3གནམ་ཐང་འབབ་ཚུཊ་ཀྱི་འཛུལ་སྒོའི་སྒོ་སྡོམ་མཐེབ་གཅིག་གི་ཁྱབ་ཁོངས་དེ་ནང་སྦྱོང་བྱེད་སར་གཏན་འཁེལ་བ་མ་ཟད། ཐོག་ཁང་དུ་བཅའ་སྡོད་ཚོང་དུད་དང་ལས་བཤུག་ཚན་པ་ཁག་ནང་སྦྱོང་ནང་ཞུཊ་ཡོད་པ་རེད།

ནང་སྦྱོང་ཁྲོད། ཚན་པ་ཁག་གིས་བྱ་སྤྱོད་མྱུར་པོ་སྤེལ་བ་དང་། འཕྲལ་སྡོམ་ཐག་གཅོད་མྱུར་པོ་བྱེད་པ། ཆ་འཕྲིན་བརྒྱུད་སྤྲོད་ཤར་གཏོང་ཐུབ་པ། སྒོ་སྡོམ་མཐེབ་གཅིག་གི་ནུས་པ་བརྟན་པོ་ཡོད་པས་ནང་སྦྱོང་ལ་སྔོན་དཔག་གི་ཕན་འབྲས་ཅུང་ཡག་པོ་ཐོན་ཡོད་པ་རེད།

ཉིན་ཤས་གོང་། བོད་ཀྱི་གནམ་ཐང་ཚོགས་པས་ཕྱོགས་སྡོམ་ཚོགས་འདུ་སྐོང་ཚོགས་བྱས་ནས་ནང་སྦྱོང་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་དང་མི་འདང་བའི་ཆར་གཅིག་སྡུད་ཐོག་གྲོས་བསྡུར་བྱས་ཏེ་བཅོས་སྒྲིག་གི་དོན་ཚན་དང་ལེགས་སུ་གཏོང་ཐབས་བཏོན་པ་རེད། དེ་དང་ཆབས་ཅིག་ཚན་པ་ཁག་གིས་ནང་སྦྱོང་སླར་གསོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་དངོས་སྒྱུར་ནང་སྦྱོང་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཉམས་མྱོང་ཕྱོགས་བསྡོམས་བྱས་ཏེ་ཞན་ཆ་གསབ་ནས་ནང་སྦྱོང་ལ་བརྟེན་ནས་སྦྱོང་བརྡར་ལ་སྐུལ་འདེད་གཏོང་བ་དང་སྦྱོང་བརྡར་ལ་བརྟེན་ནས་རྨང་གཞིར་སྐུལ་འདེད་བཏང་སྟེ་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-03-30 6 6 拉萨日报藏文 c178436.html 1 /enpproperty-->