(པར་ངོས་དང་པོར་མཐུད)རྣམ་གྲངས་ལས་འགོ་ཚུགས་རྗེས་འདི་གར་རྐོ་འདྲུའི་འཕྲུལ་འཁོར་བཏང་ནས་སྡོད་ཀྱི་ཡོད་པས་ཡོང་འབབ་ཡག་པོ་འདུག ཟམ་པ་བསྐྲུན་པ་དེས་མང་ཚོགས་ཀྱི་འགྲོ་སྐྱོད་ལ་སྟབས་བདེ་བསྐྲུན་ཡོད། དེ་ནི་ཚང་མས་རེ་སྒུག་བྱེད་པའི་བྱ་བ་ཞིག་རེད་ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་རྣམ་གྲངས་ཀྱིས་ལམ་གཞིའི་རེའུ་མིག་གསལ་པོ་དང་ལམ་ཐིག་ཧྲིལ་པོར་སྔོག་འདོན་བྱེད་མཁན་ཕྱོགས་ཀྱི་ལས་ཀ་ལེགས་སྒྲུབ་བྱས་ནས་མྱུར་ཚད་བརྒྱ་ཆ་54ཟིན་ཡོད་པ་རེད། ཀློང་གྲོལ་སྒང་ཟམ་ཆེན་བསྐྲུན་རྗེས་མལ་གྲོ་གུང་དཀར་རྫོང་ཀློང་གྲོལ་སྒང་གྲོང་ཚོ་དང་ལྷུན་གྲུབ་རྫོང་འབུར་སྒང་གྲོང་ཚོའི་དབར་གྱི་བར་ཐག་ཐུང་དུ་ཕྱིན་ནས་ས་གནས་དེ་གའི་ཡུལ་མིའི་འགྲོ་སྐྱོད་ཀྱི་གནས་ཚུལ་ལེགས་སུ་ནུས་ལྡན་འགྲོ་རྒྱུ་དང་ས་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
ཡུལ་དངོས་ཀྱི་ཆེད་ལས་བདེ་འཇགས་པ་ཡང་ཅན་ཝུན་གྱིས་ཐོན་སྐྱེད་བདེ་འཇགས་ཐད་ང་ཚོས་གསར་དུ་ཞུགས་པའི་ལས་བཟོ་བ་ཚང་མར་བདེ་འཇཊ་སློབ་གསོ་རྒྱག་པ་དང་།བདེ་འཇགས་གསོ་སྦྱོང་བྱས་ནས་ཉིན་ལྟར་ཡུལ་དངོས་སུ་བདེ་འཇགས་སྐོར་ཞིབ་བྱེད་པ་དང་།ཉེན་ཁའི་འབྱུང་ཁུངས་ཡོད་པའི་ས་ཆར་དུས་ཐོག་ཏུ་བཅོས་སྒྲིག་བྱ་རྒྱུའི་རེ་བ་འདོན་གྱི་ཡོད། ང་ཚོས་བདེ་འཇཊ་ཀྱི་འགན་འཁྲི་ལྕི་པོ་ཡོད་པ་གསལ་པོ་ཤེས་ཀྱི་ཡོད་ལ་དེ་བས་སྤྲོ་སེམས་རབ་ཏུ་འཁོལ་བ་དང་། ལས་ཕྱོད་དེ་བས་ཆེ་བའི་སྒོ་ནས་རྗེས་མའི་ཐོན་སྐྱེད་བདེ་འཇཊ་ནང་ཞུཊ་ཏེ་རྣམ་གྲངས་སྤུས་ལེཊ་ངང་ལས་མཇུག་འགྲིལ་རྒྱུའི་འགན་ལེན་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་སྦྲེལ་མཐུད་དང་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འབྲེལ་ཐག་གལ་ཆེན་ཞིག་ཏུ་འགྱུར་བར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社