分享按钮

(པར་ངོས་གཉིས་པར་མཐུད)དགེ་རྒན་གྱིས་ཀྱང་ང་ཚོའི་ད་ལྟའི་འཚོ་བ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ་དང་། རྒན་རབས་པ་ཚོས་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་ཡིན་པས། ང་ཚོས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་བྱེད་དགོས་པའི་སློབ་གསོ་བརྒྱབ་བྱུང་།སློབ་ཆུང་གི་སློབ་མ་ཞིག་ཡིན་པའི་ངོས་ནས་ངས་སློབ་སྦྱོང་ལ་སྔར་བས་འབད་བརྩོན་བྱས་ཏེ་ཕུལ་བྱུང་གི་ལོ་ཆུང་གདོང་ལེན་རུ་ཁག་ཅིག་བྱེད་པ་དང་། འཚར་ལོངས་བྱུང་རྗེས་སྤྱི་ཚོཊ་ལ་ཕན་ཐོཊ་ཡོད་པའི་མི་སྣ་ཞིག་ཏུ་འགྱུར་རྒྱུའི་བརྩོན་ལེན་བྱེད་ཀྱི་ཡིན་ཞེས་བཤད།

ལྷ་ས་གྲོང་ཁྱེར་གྱི་ལས་བྱེད་པ་སྐལ་དབང་གིས་ཞིབ་དཔྱོད་ལས་བྱེད་ཉེན་རྟོག་པ་ཞིག་ཡིན་པའི་ངོས་ནས་ང་ལ་ང་ཚོའི་ཞིབ་དཔྱོད་ལས་ཁུངས་ལ་ཐོབ་པའི་འགྱུར་ལྡོག་ཧ་ཅང་ཆེན་པོ་དང་འཕེལ་རྒྱས་མྱུར་པོ་བྱུང་བ་མྱོང་ཚོར་ཟབ་མོ་བྱུང་། ངས་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་། ཁྲིམས་སྐྱོང་གི་རང་རྟོགས། ཞིབ་དཔྱོད་ཀྱི་རང་རྟོགས་བཅས་ལ་བརྟེན་ནས་ལྷ་ས་གྲོང་ཁྱེར་འདི་ཉིད་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་རྒྱུར་རང་ཉིད་ཀྱིས་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད།

རྒྱལ་དར་སྒྲེང་བའི་མཛད་སྒོ་མཇུག་འགྲིལ་རྗེས་ཚང་མ་ལམ་སེང་མ་ཕྱིན་པར་རྒྱལ་དར་དང་མཉམ་དུ་དྲན་རྟེན་པར་རྒྱག་པ་དང་།སེམས་འགུལ་ཆེན་པོ་ཐེབས་པའི་སྒོ་ནས་མཛེས་སྡུག་ལྡན་པའི་དུས་སྐབས་འདི་པར་དུ་ལེན་བཞིན་ཡོད། ཡུལ་སྐོར་བ་ལི་ཨའེ་ཀྲེན་གྱིས་ང་ཚོ་ཧྲན་ཏུང་ཐའེ་ཨན་ནས་ཡོང་བ་ཡིན། བོད་དུ་ཡུལ་སྐོར་དུ་ཡོང་བ་དེ་བཀྲ་ཤིས་པའི་ཉིན་མོ་དང་ཏག་ཏག་འཁེལ་བས་ཧ་ཅང་དགའ་པོ་འདུག བོད་ལ་འཕེལ་རྒྱས་ཡག་པོ་དེ་འདྲ་བྱུང་བ་མཐོང་སྐབས་ང་ཚོར་སྤོབས་པ་སྐྱེ་ཡི་འདུག མེས་རྒྱལ་གྱི་ཆེད་དུ་སྤོབས་པ་དང་མེས་རྒྱལ་གྱི་ཆེད་དུ་བསྔཊ་བརྗོད་འབུལ་རྒྱུ་ཡིན་ཞེས་བཤད།

དེ་རིང་གི་ལྷ་ས་ནི་བརྗིད་ཉམས་དོད་པའི་ཕོ་བྲང་པོ་ཏ་ལའི་མདུན་དང་།མཛེས་སྡུག་རྣམ་པར་བཀྲ་བའི་རྫོང་རྒྱབ་ཀླུ་ཁང་།དེ་བཞིན་ལྷ་ས་གྲོང་ཁྱེར་གྱི་ཁྲོམ་ལམ་ཆེ་ཆུང་གང་སར་བཀྲག་མདངས་འཚེར་བའི“ཀྲུང་གོའི་དམར་མདངས”ཞེས་པའི་རྣམ་པ་ཞིག་མངོན་ཞིང་།མི་ཚང་མའི་སེམས་ནང་བརྟན་པོར་གནས་ཡོད། མི་རིགས་ཁག་གི་བུ་ཕྲུག་ཚོས་གླུ་ལེན་གར་འཁྲབ་བྱས་ཏེ། དགའ་སྤྲོ་དང་བཀྲ་ཤིས་འཆམ་མཐུན་གྱི་རྣམ་པའི་ཁྲོད་མཉམ་དུ་བོད་མི་དམངས་ཀྱི་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་དང་། སྙིང་དབུས་ནས་རླབས་ཆེན་མེས་རྒྱལ་དེ་བས་དར་རྒྱས་གོང་འཕེལ་དང་མི་རིགས་ཁག་གི་མི་དམངས་དེ་བས་བདེ་སྐྱིད་ཁམས་བཟང་ཡོང་བའི་སྨོན་འདུན་ཞུས་པ་རེད།

དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག ལྷ་སའི་མི་རིགས་ཁག་གི་བུ་ཕྲུག་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་གནང་བའི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ལ་གནད་ལ་འཁེལ་བའི་སྒོ་ནས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་རང་རྟོན་རང་དར་དང་།གཞུང་འཁྱོངས་གསར་འབྱེད་བྱས་ཏེ་འབད་འབུངས་ཡར་བརྩོན་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པ།རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

སྡུག་དྲན་སྐྱིད་བསམ་གྱི་བསམ་པ་བཅངས་ནས་ཏང་གི་བཀའ་དྲིན་འཚོར་བ་དང་

འབད་འབུངས་ཡར་བརྩོན་གྱིས་ལེའུ་གསར་པ་བརྩམས་པ།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-03-30 6 6 拉萨日报藏文 c178432.html 1 /enpproperty-->