ད་ཐེངས་ཀྱི་རིག་རྩལ་འཁྲབ་སྟོན་ནང་གྲོང་ཁྱེར་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་ཁག་གི་རིག་རྩལ་འཁྲབ་སྟོན་རུ་ཁག་གིས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་ཐབས་ཐོག་ནས་སེམས་ནང་གི་གླུ་དབྱངས་བླངས་ཡོད། ཁོང་ཚོས་བབ་ཆགས་པའི་རིག་རྩལ་མཚོན་ཚུལ་གྱི་ཐོག་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་དགའ་སྤྲོ་དང་བཀའ་དྲིན་གྱི་སེམས་པ་མཚོན་པ་དང་དུས་རབས་གསར་པའི་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་ཇི་མ་ཇི་བཞིན་མངོན་ཡོད། “གུང་ཁྲན་ཏང་ཡག་པ་དང་། སྤྱི་ཚོགས་རིང་ལུགས་ཡག་པ། སྒྱུར་བཅོས་སྒོ་དབྱེ་ཡག་པ། རླབས་ཆེན་མེས་རྒྱལ་ཡག་པ། མི་རིགས་ཁག་གི་མི་དམངས་ཡག་པ”བཅས་ཀྱི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་ཆབས་ཅིག་མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་ལ་བཅངས་པའི་དགའ་ཞེན་དང་ཀྲུང་གོ་གུང་ཁྲན་ཏང་ལ་བསྔགས་བརྗོད་ཀྱང་བྱས་པ་མཚོན་ཡོད།
གྲོང་ཁྱེར་རིག་གནས་ཅུས་སྤྱི་པའི་ཞབས་ཞུ་ཁོའོ་ཡི་ལས་དོན་མི་སྣ་བཀྲ་ཤིས་ཚེ་རིང་གིས་ང་ཚོས་ད་ཐེངས་ཀྱི་བྱེད་སྒོ་གོ་སྐབས་སུ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱེད་པ་དང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ། མང་ཚོགས་ཀྱི་རིག་རྩལ་རྐང་འཛིན་པ་གསོ་སྐྱོང་བྱེད་པའི་ནང་གནས་ཀྱི་སྒུལ་ཤུགས་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ནས་2024ལོའི་ལོ་ཧྲིལ་པོའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་། གོམ་སྟབས་ཡག་པོ་སྤོ་རྒྱུ། འབད་འབུངས་ཡར་བརྩོན་བྱེད་རྒྱུ། དཔའ་ངར་ཆེན་པོས་མདུན་སྐྱོད་བཅས་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་རིག་གནས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་བཤད།
གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་བྱེད་སྒོ་སྤེལ་ཡུལ་དུ་ཐད་གཏོང་བྱས་པ་དང་། ད་ཐེངས་ཀྱི་བྱེད་སྒོར་དྲ་ཐོག་ནས་ལྟ་མཁན་མི་ཐེངས་ཁྲི་6.9ལྷག་ཙམ་ཟིན་པ། མོས་བསྟོད་བྱེད་ཚད་མི་ཐེངས་ཁྲི་2.2ཙམ་ཟིན་པ། རིག་རྩལ་འཁྲབ་སྟོན་དེ་དྲ་རྒྱའི་རྣམ་པའི་ཐོག་ནས་མང་ཚོགས་ཀྱི་སྒོ་འགྲམ་དུ་འཁྲབ་སྟོན་བྱས་པ་བཅས་བྱས་ཡོད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社