ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་3ཚེས་27ཉིན། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུང་ལིའུ་ཀྲུའུ་ལྷུན་གྲུབ་རྫོང་ལྕང་ར་ཤར་ཤང་དུ་ཕེབས་ཏེ། “ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་ད་ཆར་གཅེས་སྤྲས་དང་འབྱུང་འགྱུར་ལ་ཁ་ཕྱོགས་པ”ཅེས་པ་གཙོ་དོན་དུ་བཟུང་བའི“གཞི་རིམ་དུ་སྐྱོད་པ་བཞིའི”ལས་དོན་དང་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་བཟང་པོ་དང་གསུང་སྒྲ་སྙན་པོ་མང་ཚོགས་ལ་བརྒྱུད་བསྒྲགས་གནང་བ་རེད།
སྒྲོག་འགྲེལ་ཚོགས་འདུའི་ཐོག སུང་ལིའུ་ཀྲུའུ་ཡིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་65འཁོར་བའི་ལོ་རྒྱུས་ཀྱི་དུས་མཚམས་གལ་ཆེན་དང་ཟུང་འབྲེལ་དམ་ཟབ་གནང་སྟེ། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་གྲོས་གཞི་དང་། སྲིད་ཇུས། དེ་བཞིན་སྲིད་གཞུང་གི་ལས་དོན་སྙན་སྒྲོན་བཅས་ལ་འགྲེལ་བཤད་གཏིང་ཟབ་བརྒྱབ་པ་རེད།
སུང་ལིའུ་ཀྲུའུ་ཡིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་དང་ཤང་དེ་གའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སེམས་ལ་འཇགས་པ་དང་། ལག་ལེན་དུ་འཁྱོལ་ཐབས་བྱེད་དགོས་པ། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་གཞི་རིམ་དུ་དོན་འཁྱོལ་ཐུབ་ནས་འབྲས་བུ་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པར་མ་ཟད། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་ཐོབ་པའི་རླབས་ཆེན་གྱི་གྲུབ་འབྲས་ལ་ཕྱིར་དྲན་བྱས་ནས་དུས་རབས་གསར་པའི་མི་རིཊ་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་རྒྱང་ལྟ་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།
(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社