分享按钮

སེམས་ཤུགས་གཅིག་ཏུ་བསྒྲིལ་ནས་རྡོག་ཐོན་བྱེད། འབད་འབུངས་ཡར་བརྩོན་བྱས་ནས་རྒྱང་ལམ་གསར་པར་སྐྱོད།

​ རང་གྲོང་གི་མི་རིགས་ཁག་དང་ལས་རིགས་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་གཉེར་ནས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་65འཁོར་བར་དྲན་གསོ་ཞུས་པ།

དཔྱིད་ཀྱི་དཔལ་མོ་ས་མཐོའི་རི་ཀླུང་ཀུན་ཏུ་སླེབས་པའི་ཚེ། གངས་ལྗོངས་ས་མཐོས་དགའ་བའི་བསྟོད་གླུ་བླངས་ནས་ཏང་ལ་འབུལ། ཟླ་3ཚེས་28ཉིན་ང་ཚོས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་65འཁོར་བ་དང་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་ཐེངས་16པ་བསུས་ཤིང་། ཉིན་དེར་རང་གྲོང་གི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུར་ཕྱིར་དྲན་དང་། རླབས་ཆེན་གྱི་དུས་རབས་ལ་བསྔགས་བརྗོད་བྱས་པ་རེད།

ཚེས་28ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར་རང་གྲོང་གི་རྫོང(ཆུས)བརྒྱད་ཀྱིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི་མཛད་སྒོ་དུས་གཅིག་ཏུ་འཚོགས་ཤིང་། གསོན་ཤུགས་ཀྱི་དཔལ་འབར་བའི་རྒྱལ་གླུའི་ཁྲོད་ཏང་དང་མེས་རྒྱལ་ལ་བཅངས་པའི་དགའ་ཞེན་དང་སྨོན་འདུན་བཟང་པོ་མཚོན་པར་བྱས་ཡོད། མཛད་སྒོ་འཚོགས་རྗེས་རང་གྲོང་གི་རྫོང(ཆུས)ཁག་དང་ཚན་པ་ཁག་དང་། མི་རིགས་ཁག་དང་ལས་རིགས་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་གཙོ་དོན་བྱེད་སྒོ་སྤེལ་བ་རེད། སྟག་རྩེ་ཆུས་ཀྱིས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་65འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མིས་རང་ངོས་ཀྱི་ཉམས་མྱོང་དང་ལས་རིགས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཏང་གི་འགོ་ཁྲིད་འོག་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་གྱི་སྟག་རྩེ་ཆུས་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་གླེང་ནས་ཏང་དང་སྤྱི་ཚོགས་རིང་ལུཊ་ཀྱི་བོད་ལྗོངས་གསར་པར་བཅངས་པའི་ལྷད་མེད་བརྩེ་སེམས་མཚོན་པར་བྱས་ཡོད། སྟག་རྩེ་ཆུས་ལྟེ་བའི་སློབ་ཆུང་གི་སློབ་མ་པད་མ་ཆོས་ཉིད་ཀྱིས་ངའི་འཚོ་བའི་ཁྲོད་ཀྱི་བྱ་བ་ཐམས་ཅད་ལས་ཏང་དང་སྲིད་གཞུང་གིས་བོད་ལྗོངས་ཀྱི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བ་མཚོན་གྱི་ཡོད། ངས་སློབ་སྦྱོང་ལ་དེ་བས་འབད་བརྩོན་ཧུར་ཐག་བྱས་ནས་འཚར་ལོངས་བྱུང་རྗེས་ཕ་ཡུལ་འཛུཊ་སྐྲུན་ཆེད་རང་ཉིད་ཀྱི་སྟོབས་ཤུཊ་ལེཊ་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

འདམ་གཞུང་རྫོང་ཁང་དམར་དགོན་གྱིས་རྒྱལ་གཅེས་ཆོས་གཅེས་ཏན་ཏིག་བྱེད་པ་དང་དུས་རབས་གསར་པར་སྔོན་ཐོན་གྲྭ་བཙུན་བརྩོན་ལེན་བྱེད་ཅེས་པ་གཙོ་དོན་དུ་བྱས་ནས་གསར་རྙིང་བསྡུར་བ་དང་། རྨང་གཞིའི་སྒྲིག་བཀོད། སྒོམ་སྒྲུབ་ཁོར་ཡུག་བཅས་ཁྱོན་ཡོངས་ནས་ལེཊ་སུ་གཏོང་རྒྱུ་གཙོ་རྐང་དུ་བྱས་ཏེ། འདུ་ཤེས་གསུམ་གྱི་སློབ་གསོ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་65འཁོར་བར་དྲན་གསོ་ཞུ་བའི་གཅིག་སྡུད་སྒྲོག་འགྲེལ་བྱས་པ་རེད།

ལྷུན་གྲུབ་རྫོང་གིས་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་ནས་མང་ཚོགས་ལ་ངོ་མཚར་ཆེ་བའི་རིག་རྩལ་གྱི་སྟོན་མོ་ཞིག་བཤམས་ཡོད། ཚང་མས་གཅིག་རྗེས་གཉིས་མཐུད་ངང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་འབད་འབུངས་ཡར་བརྩོན་ངང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་སྒོ་ཀུན་ནས་འཛུཊ་སྐྲུན་བྱ་ཆེད་འབད་འཐབ་ལྷོད་མེད་བྱ་རྒྱུ་ཡིན་ཞེས་བཤད།

དེ་ཉིན་བོད་ལྗོངས་རྟེན་མཛོད་ཁང་གིས་དུས་རབས་གསར་པའི་ན་གཞོན་བཟང་པོ་དང་བོད་ལྗོངས་རྟེན་མཛོད་ཁང་གི་ཉི་མ་ཆུང་ཆུང་སོགས་བརྗོད་དོན་མངོན་གསལ་དོད་ལ་ཁྱད་ཆོས་ལྡན་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། བོད་ལྗོངས་རྟེན་མཛོད་ཁང་གི་འགྲེལ་བཤད་པ་ཆུང་ཆུང་མིན་ཤིན་དབྱི་ཡིས་ང་དུས་རབས་གསར་པའི་ན་གཞོན་བཟང་པོ་དང་བོད་ལྗོངས་རྟེན་མཛོད་ཁང་གི་ཉི་མ་ཆུང་ཆུང་ལྟ་བུ་ཡིན་པའི་ངོས་ནས་བོད་ལྗོངས་རྟེན་མཛོད་ཁང་དུ་བོད་ལྗོངས་གསར་པའི་འཛུགས་སྐྲུན་གྱི་ཆ་ཤས་འགྲེལ་བཤད་བྱེད་པ་དེ་ནི་དོན་སྙིང་ཆེན་པོ་ལྡན་པའི་བྱ་བ་ཞིག་རེད། སླད་ཕྱིན་ངས་སློབ་སྦྱོང་ཧུར་ཐག་བྱས་ནས་སྤྱི་ཚོགས་རིང་ལུཊ་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་རང་ཉིད་ཀྱི་སྟོབས་ཤུཊ་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

ཁྲེང་ཀོན་ཆུས་རྒན་རྒོན་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱིས་རྔ་ཆེན་བྱང་ལམ་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་དང་ཁྲེང་ཀོན་ཆུས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ཀྱི་རྒན་རྒོན་ཚོར་རྒན་རྒོན་ཁོ་ནར་གཏོགས་པའི་རིག་རྩལ་གྱི་སྟོན་མོ་བཤམས་ནས་རིག་རྩལ་ལེ་ཚན་རེ་རེའི་ཐོག་ནས་ཏང་གི་བཀའ་ལ་ཉན་པ་དང་།ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་དྲང་ནུས་ཆེན་པོ་བརྒྱུད་སྤྲོད་བྱས་ཡོད། ནག་ཆུའི་འབྲོག་པའི་རྒན་ཡོལ་ཞུས་པའི་ལས་བྱེད་པའི་རིག་རྩལ་རུ་ཁག་གི་འཇིགས་མེད་ལྷ་མོས་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ང་ཚོ་རྒན་རྒོན་ཚོའི་འཚོ་བ་ཧ་ཅང་སྐྱིད་པོ་འདུག དེ་དག་ཚང་མ་ནི་ཏང་གི་སྲིད་ཇུས་བཟང་པོའི་འོག་ཐོབ་པ་ཞིག་ཡིན་པས་ང་ཚོས་ནམ་ཡང་སེམས་ལ་བརྟན་པོ་ངེས་རྒྱུ་ཡིན་ཞེས་བཤད།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-03-30 ​ རང་གྲོང་གི་མི་རིགས་ཁག་དང་ལས་རིགས་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་གཉེར་ནས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་65འཁོར་བར་དྲན་གསོ་ཞུས་པ། 6 6 拉萨日报藏文 c178431.html 1 སེམས་ཤུགས་གཅིག་ཏུ་བསྒྲིལ་ནས་རྡོག་ཐོན་བྱེད། འབད་འབུངས་ཡར་བརྩོན་བྱས་ནས་རྒྱང་ལམ་གསར་པར་སྐྱོད། /enpproperty-->