དཔྱིད་ཟླ་གསུམ་པར་གནའ་གྲོང་ལྷ་སའི་ཉི་འོད་རབ་ཏུ་འཚེར་ཞིང་། གང་སར་སྔོ་ཐིང་ངེར་གནས་ཡོད། ཟླ་3ཚེས་28ཉིན་གྱི་སྔ་དྲོ། ལྷ་ས་གྲོང་ཁྱེར་གྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ཏེ།སེམས་འགུལ་ཚད་མེད་ཐེབས་བཞིན་དུ་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་ཏེ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འཛོམས་ནས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོའི“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོར་ཞུགས་ཏེ་རྒྱལ་དར་དལ་བུར་སྒྲེང་བའི་བླ་ན་མེད་པའི་དུས་དེར་ཐུན་མོང་ཐོག་དཔང་པོ་བྱེད་པ་དང་།ལོ་ངོ་65གོང་གི་ལོ་རྒྱུས་ཀྱི་དེབ་ཐེར་ནང་འཁོད་པའི་ཉིན་མོ་དེར་ཐུན་མོང་ཐོག་དྲན་གསོ་ཞུས་པ་རེད།
དེ་རིང་གི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་མེ་ཏོག་རྣམ་པར་བཀྲ་བ་དང་གང་སར་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། “3·28བོད་ཀྱི་ཡར་ལངས་ཞིང་བྲན་གྱི་དུས་ཆེན”ཞེས་པའི་ཡིག་འབྲུ་ཆེན་པོ་དེ་དག་མེ་ཏོག་ཚོམ་བུའི་ཁྲོད་ཧ་ཅང་མངོན་གསལ་དོད་པོ་ཡོད་པ་དེའི་ཐོག་ནས་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་ལ་བཅངས་པའི་བརྩེ་སེམས་དང་རླབས་ཆེན་གྱི་མེས་རྒྱལ་ལ་བཅངས་པའི་དགའ་ཞེན་གྱི་བསམ་པ་གང་ལེགས་མཚོན་ཡོད།
སྔ་དྲོའི་ཆུ་ཚོད་10པར་རྒྱལ་དར་སྲུང་སྐྱོང་རུ་ཁག་གིས་གོམ་སྟབས་བརྟན་པོ་སྤོས་པ་དང་།སྐར་ལྔའི་དར་དམར་ལ་སྲུང་སྐྱོང་བྱས་ནས་དར་ཆ་སྒྲེང་སའི་སྟེགས་བུའི་ཕྱོགས་སུ་བསྐྱོད་པ་དང་།《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》ཀྱི་བརྗིད་ཉམས་ལྡན་པའི་འགྱུར་ཁུག་དང་བསྟུན་ནས་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་དལ་བུར་བསྒྲེངས་པ་རེད།མཛད་སྒོར་ཞུགས་མཁན་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མིས་རྒྱལ་དར་ལ་ཕྱོགས་ནས་གུས་འདུད་ཞུས་པ་དང་སེམས་ནང་སྤྲོ་སེམས་རབ་ཏུ་འཁོལ་བ་དང་མཉམ་དུ་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་པ་རེད།
“གུང་ཁྲན་ཏང་ཡོང་ནས་སྡུག་བསྔལ་བདེ་བར་གྱུར་སོང” ལོ་65ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་གནམ་ས་དང་འཐབ་འཛིང་བྱེད་པ་དང་མཐུན་སྒྲིལ་འབད་འཐབ་བྱས་ནས“དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱེད”ཅེས་པའི་མི་ཡུལ་གྱི་ངོ་མཚར་བཏོད་ཡོད། ལྷག་པར་དུ་དུས་རབས་གསར་པར་སླེབས་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་ལ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་འཚོགས་པ་དང་། གལ་ཆེའི་དུས་སྐབས་དང་འགག་རྩའི་དུས་སུ་སླེབས་རིམ་བཞིན་བོད་ཀྱི་རྩ་བར་ཁ་ཕྱོགས་གཏན་འཁེལ་དང་ལམ་སྟོན་གནང་ནས་བོད་ཀྱི་བྱ་གཞག་ཁག་ལ་ཁྱོན་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ད་ཆའི་གངས་ལྗོངས་ས་མཐོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག མཛེས་སྡུག་ལྡན་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་མངོན་ཞིང་།མི་རིགས་ཁག་གི་མི་དམངས་ཀྱིས་སེ་འབྲུའི་འབྲུ་གུ་ལྟར་དམ་པོར་འཁྱུད་ནས་བློ་སྟོབས་ཆེར་སྐྱེད་དང་གོམ་སྟབས་ཆེན་པོས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་གསེར་མདོག་གི་ལམ་ཆེན་ཐོག་སྐྱོད་བཞིན་ཡོད།མང་ཚོགས་ཀྱི་འཐུས་མི་འཕྲིན་ལས་ཀྱིས་ང་འཚོ་སྡོད་བྱེད་སའི་གྲོང་ཁུལ་རྙིང་པའི་སྒོ་རའི་ནང་མི་རིགས་མི་འདྲ་བའི་མང་ཚོགས་མང་པོ་བསྡད་ཡོད་པ་སྟེ། ཧུའེ་རིཊ་དང་། བོད་རིཊ། སོག་རིཊ། ཁྲའོ་ཞན་རིགས་སོགས་ཡོད་པས། མི་རིགས་ཁག་གི་མང་ཚོགས་དབར་ཞི་མཐུན་མཉམ་གནས་ཐུབ་ཡོད་པས་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་མཐུན་སྒྲིལ་ལ་ཤུཊ་སྣོན་རྒྱག་པ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་ཞེས་པའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་སྔར་རྒྱུན་བཞིན་མི་རིགས་མཐུན་སྒྲིལ་ལ་ཤུཊ་སྣོན་རྒྱག་པ་དང་མེས་རྒྱལ་དེ་བས་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད་ཅེས་བཤད།
དེ་ཆའི་བོད་ལྗོངས་སུ་ཁྱིམ་ཚང་ཚང་མའི་ཐོག་ཁར་རྒྱལ་དར་བཙུཊ་པ་དང་།ཁྱིམ་ཚང་ཚང་མའི་ནང་གཙོ་འཛིན་གྱི་སྐུ་བརྙན་བཀལ་ཡོད། མི་རིགས་ཁག་གི་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་གི་ཡོད།མང་ཚོགས་ཀྱི་འཐུས་མི་སྒྲོལ་དཀར་གྱིས་ང་ཚོ་དཔལ་གླིང་སྡེ་ཁུལ་གྱི་མང་ཚོགས་ཀྱིས་སེམས་འགུལ་ཚད་མེད་ཐེབས་བཞིན་དུ“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོར་ཞུཊ་ནས་མེས་རྒྱལ་ལ་སྨོན་འདུན་བཟང་པོ་ཞུས་ཡོད། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་ང་ཚོའི་སྡེ་ཁུལ་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས་རླབས་ཆེན་མེས་རྒྱལ་དར་རྒྱས་གོང་འཕེལ་དང་བཀྲ་ཤིས་བདེ་ལེཊ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བཤད།
ལོ་རྒྱུས་ནི་མེ་ལོང་ལྟ་བུ་ཞིག་ཡིན་ལ་གཏིང་ཟབ་པའི་སློབ་དེབ་ཅིག་ཀྱང་ཡིན་པས་མི་རྣམས་ཀྱིས་སྡུག་བསྔལ་སེམས་ལ་བརྟན་པོར་ངེས་དགོས་པ་དང་། ད་དུང་རླབས་ཆེན་གྱི་དུས་རབས་ཀྱི་དྲིན་ཚོར་དགོས་པ་མ་ཟད། འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་དེ་བས་བསྡུ་ལེན་བྱེད་དགོས་པའི་བསླབ་བྱ་ཡང་བྱས་ཡོད། བོད་ཀྱི་མི་རིཊ་ཁག་གི་མང་ཚོགས་ཀྱིས་དེང་གི་དུས་འདིར་ཞིབ་བསྡུར་བྱས་པ་བརྒྱུད་བོད་ཀྱི་འཕོ་འགྱུར་ཆེན་པོའི་མྱོང་ཚོར་ཟབ་མོ་ཐུབ་ཡོད་ལ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་སྟོབས་ཤུགས་དེ་བས་གཅིག་ཏུ་འགྲིལ་ཡོད། ཁྲེང་ཀོན་ཆུས་ཞོལ་སློབ་ཆུང་གི་སློབ་མ་ལྷག་སྒྲོན་གྱིས་ངས་སློབ་གྲྭ་ནས་ཤེས་བྱ་མང་པོ་ཤེས་བྱུང་ལ། (པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社