ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་། རིག་གནས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རླབས་ཆེན་གྱི་དུས་རབས་གསར་པར་བསྔགས་བརྗོད་བྱེད་པ། སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་བ་དང་འགན་འཁྲི་འཁུར་ཕོད་པ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་ལས་ཀའི་སྤྲོ་སེམས་སྔར་བས་འཕེལ་བར་བྱེད་པ། མདུན་སྐྱོད་ཀྱིས་དུས་རབས་གསར་པར་འབད་འབུངས་ཧུར་ཐག་བྱ་རྒྱུའི་སྐུལ་ལྕག་བཅས་བྱ་ཆེད། ཟླ་3ཚེས་28ཉིན་གྱི་སྔ་དྲོ་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་གྲོང་ཁྱེར་རིག་གནས་ཅུས་ཀྱིས་གཙོ་གཉེར་བྱས་པའི“ཡར་ལངས་བཅིངས་འགྲོལ་ཐོབ་ནས་གུང་ཁྲན་ཏང་གི་བཀའ་དྲིན་མི་བརྗེད་པར་སྐྱིད་པའི་འཚོ་བ་གསར་པར་བསྟོད་གླུ་འབུལ”ཞེས་པའི་མང་ཚོགས་རང་བཞིན་གྱི་རིག་རྩལ་འཁྲབ་སྟོན་དེ་རྫོང་རྒྱབ་ཀླུ་ཁང་དུ་སྤེལ་བ་རེད། རང་སྐྱོང་ལྗོངས་རིག་གནས་ཡུལ་སྐོར་ཐིང་གི་ཐིང་ཀྲང་གཞོན་པ་ཝང་ཕེ་དང་། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་ཁྲེན་ཅིང་། གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཝང་ཧུའེ། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཕེང་ཧྥེ་ཡུའེ། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུང་ལིའུ་ཀྲུའུ་དང་དེ་བཞིན་རྫོང(ཆུས)རིག་གནས་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་ཡུལ་དངོས་ཀྱི་མང་ཚོགས་1000ལྷག་ཙམ་གྱིས་འཁྲབ་སྟོན་ལ་གཟིགས་པ་རེད།
འཁྲབ་སྟོན་མ་བྱས་གོང་།ལྷ་ས་གྲོང་ཁྱེར་གྱི་རྫོང(ཆུས)8ཀྱི་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གིས་གཟབ་མཆོར་ལེགས་པར་སྤྲས་ནས་ཡུལ་དངོས་ཀྱི་ལྟད་མོ་བར་རང་སོ་སོའི་རྫོང(ཆུས)གི་རིག་གནས་ཀྱི་ཁྱད་ཆོས་དང་ཡུལ་སྐོར་གྱི་ཐོན་ཁུངས་ངོ་སྤྲོད་བྱས་པར་མ་ཟད། ཡུལ་དངོས་སུ་མང་ཚོགས་ལ་ཟོལ་མེད་ཀྱི་གདན་ཞུ་ཡང་བྱས་པ་རེད། སྔ་དྲོའི་ཆུ་ཚོད་11ཐོག་ཁྲེང་ཀོན་ཆུས་ཞོལ་པ་ལྷ་མོའི་སྒྱུ་རྩལ་ཚོགས་པས་འཁྲབ་པའི་དཔེ་མཚོན་བརྩམས་ཆོས་ཏེ།《བཀྲ་ཤིས་ཞོལ་པ》ཞེས་པའི་ཁྲོད་འགོ་ཚུགས་ཤིང་། དེ་རྗེས་མཉམ་གཞས《མཆོད་ཆང་བཀྱགས་པ》དང་། མང་ཚོགས་ཀྱི་ཞབས་བྲོ《ལོ་ལེགས་འབྲས་བཟང་གི་སྤྲོ་སྣང》 སྒྲ་གདངས་ཉིས་སྦྲགས་ཀྱི་གླུ་གཞས《དྲིན་ཚོར་གྱི་གླུ་གཞས་ཉི་མར་ཕུལ》 འཁྲབ་ཚན་ཐུང་གྲས《ཁོར་ཡུག་བཅོས་སྒྲིག་བྱེད་པར་ཚང་མ་དང་འབྲེལ་བ་ཡོད》ཅེས་པ་སོགས་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་ལེ་ཚན་18རེས་མོས་ངང་འཁྲབ་སྟོན་བྱས་པ་རེད།
འཁྲབ་སྟོན་ལ་ལྟ་མཁན་དགུང་ལོ་70ལ་སླེབས་པའི་སྤོ་བོ་ལགས་བཀྲ་ཤིས་རྣམ་རྒྱལ་གྱིས་དེ་རིང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་65འཁོར་བར་དྲན་གསོ་ཞུ་བའི་རིག་རྩལ་འཁྲབ་སྟོན་བྱས་པར་ང་ཚོ་མང་ཚོགས་རྣམས་ཧ་ཅང་དགའ་པོ་བྱུང་། ད་ཆ་འཚོ་བའི་ཆ་རྐྱེན་ཉིན་རེ་བཞིན་ལེགས་སུ་འགྲོ་བཞིན་ཡོད། དེ་དག་ཚང་མ་ཏང་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལས་བྱུང་བ་ཞིག་ཡིན་པས་ང་ཚོས་ཀྱང་ཆུ་འཐུང་དུས་ཆུ་འགོ་དྲན་པ་དང་། ལོ་རྒྱུས་བློ་ལ་ངེས་པ།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社