ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར།གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། བོད་ལྗོངས་མཁའ་ལམ་མ་རྐང་ཚད་ཡོད་ཀུང་སིས་སྐྲུན་འགན་ཁུར་བའི་མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་ཀློང་གྲོལ་སྒང་ཟམ་ཆེན་གྱི་རྣམ་གྲངས་དེ་ཟླ་3ཚེས་15ཉིན་ཁྱོན་ཡོངས་ནས་ལས་འགོ་ཚུགས་པ་དང་།མིག་སྔར་ལེགས་སྒྲུབ་བྱེད་ཚད་བརྒྱ་ཆ་54ཟིན་པ་དང་སྔོན་དཔག་ལྟར་ན་ཟླ་7པའི་ཟླ་མཇུག་ཏུ་ལས་གྲྭ་རྩིས་ལེན་རྩིས་སྤྲོད་བྱ་རྒྱུ་རེད།
ཀློང་གྲོལ་སྒང་ཟམ་ཆེན་ནི་ལྷུན་གྲུབ་རྫོང་ངར་ནང་ཤང་འབུར་སྒང་གྲོང་ཚོ་དང་མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་ཀློང་གྲོལ་སྒང་གྲོང་ཚོ་འབྲེལ་མཐུད་བྱེད་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པ་དང་།རྣམ་གྲངས་ཀྱི་ལམ་ཐིག་འཆར་འགོད་ཀྱི་སྤྱིའི་རིང་ཚད་སྤྱི་ལེ་0.842ཡིན་པ་དང་།དེའི་ནང་རིང་ཚད་ལ་སྨི་308 དང་ཞེང་ཚད་སྨི་8ཡིན་པའི་ཟམ་ཆེན་ཞིག་བཀོད་སྒྲིག་བྱས་ཡོད་པ་རེད། གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ཡུལ་དངོས་སུ་བཟོ་པ་ཚོས་རང་འགན་རང་འཁུར་དང་དུས་ཚོད་དམ་འཛིན་གྱིས་ཨར་ལས་བྱེད་པ་དང་། འཕྲུལ་ཆས་ཀྱི་སྐད་སྒྲས་ཁེངས་ཡོད། རྣམ་གྲངས་འཛུགས་སྐྲུན་ཁྲོད། མཁའ་ལམ་ཀུང་སིས་ས་གནས་དེ་གའི་འཕྲུལ་ཆས་དང་མི་ཤུགས་ཧུར་ཐག་བདམས་ནས་ལས་ཞུགས་ཀྱི་ཁོར་ཡུག་བཟང་པོ་བཏོད་དེ་ས་གནས་དེ་གའི་ཞིང་འབྲོག་པར་ཕན་པ་ཐོབ་པར་བྱས་ཡོད།བསྡོམས་རྩིས་བྱས་པར་གཞིགས་ན་2023ལོར་ས་གནས་དེ་གའི་རླངས་འཁོར་དང་འཕྲུལ་ཆས་སྒྲིག་ཆས་བེད་སྤྱོད་བྱས་པ་བརྒྱུད་ས་གནས་ཀྱི་དཔལ་འབྱོར་ལ་ཁྱོན་ཡོང་འབབ་སྒོར་ཁྲི་62བྱུང་ཡོད།
བཟོ་པ་ཉི་མ་རྡོ་རྗེས་གསར་འགོད་པར་ང་ནི་ཉེ་འགྲམ་གྱི་གྲོང་མི་ཞིག་ཡིན།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社