(པར་ངོས་གཉིས་པར་མཐུད)ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་གྱི་བརྒྱ་ཆ་102.5ལེགས་གྲུབ་བྱུང་བ། ལོ་འདིའི་སློབ་གྲྭ་ཆེན་མོ་ཐོན་པའི་སློབ་མ་ལས་ཞུགས་ཐུབ་ཚད་བརྒྱ་ཆ་95ཡན་ཟིན་པ་དང་ལྗོངས་ཕྱིར་ལས་ཞུགས་ཐུབ་ཚད་བརྒྱ་ཆ་14.7ཟིན་ནས་ལོ་སྟོད་ཀྱི་གཏན་འཁེལ་དམིགས་ཚད་ཚད་བརྒལ་ངང་ལེགས་གྲུབ་བྱུང་ཡོད།
གྲོང་མིའི་ཡོང་འབབ་བརྟན་པོའི་ངང་འཕར་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་མུ་མཐུད་ཆུང་དུ་ཕྱིན་ཡོད་ཅིང་། ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་54835ཟིན་ནས་ལོ་གོང་མ་ལས་བརྒྱ་ཆ་6.3འཕར་ཡོད་པ་དང་། གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་25010ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆ་9.9འཕར་ཡོད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་ཀྱི་བསྡུར་ཚད་2.19ཡིན་པ་དེ་ལོ་གོང་མ་ལས་0.08ཆུང་དུ་ཕྱིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་ཀྱི་ཧེ་བག་མུ་མཐུད་ཆུང་དུ་ཕྱིན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་སྔར་བས་མཐུན་སྦྱོར་བྱུང་ཡོད།
གྲོང་མིའི་འཛད་སྤྱོད་རིན་གོང་རིམ་བཞིན་འཕར་ནས་དམངས་འཚོའི་ཐོན་རྫས་ཀྱི་རིན་གོང་བརྟན་པོ་བྱུང་ཡོད་ཅིང་། ལོ་ཧྲིལ་པོའི་གྲོང་མིའི་འཛད་སྤྱོད་རིན་གོང(CPI)ལོ་སྔོན་མ་ལས་བརྒྱ་ཆ་0.3འཕར་ཡོད་པས། རིགས་དབྱེ་ནས་བལྟས་ན།བཟའ་བཅའ་དང་།ཐ་མག ཨ་རག་བཅས་ཀྱི་རིན་གོང་བརྒྱ་ཆ་0.1འཕར་བ་དང་། གྱོན་ཆས་ཀྱི་རིན་གོང་བརྒྱ་ཆ་0.5ཆག་པ། སྡོད་ཁང་གི་རིན་གོང་བརྒྱ་ཆ་0.6འཕར་བ། འཚོ་བའི་མཁོ་ཆས་དང་ཞབས་ཞུའི་རིན་གོང་བརྒྱ་ཆ་0.3འཕར་བ། འགྲིམ་འགྲུལ་དང་འཕྲིན་གཏོང་རིན་གོང་བརྒྱ་ཆ་0.5ཆག་པ། སློབ་གསོ་དང་། རིག་གནས། རོལ་རྩེད་བཅས་ཀྱི་རིན་གོང་བརྒྱ་ཆ་1.1འཕར་བ། སྨན་བཅོས་དང་འཕྲོད་སྦྱོར་རིན་གོང་བརྒྱ་ཆ་1.9འཕར་བ། དེ་མིན་གྱི་མཁོ་ཆས་དང་ཞབས་ཞུའི་རིན་གོང་བརྒྱ་ཆ་3.8འཕར་ཡོད་པ་རེད།
འཛད་སྤྱོད་ཚོང་ར་རིམ་བཞིན་སླར་གསོ་བྱུང་ནས་ཚོང་ཟོག་གཙོ་བོ་འཕར་སྣོན་མངོན་གསལ་དོད་པོ་བྱུང་ཡོད་ཅིང་། ལོ་ཧྲིལ་པོར་སྤྱི་ཚོགས་ཀྱི་འཛད་རྫས་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར་427.74མངོན་འགྱུར་བྱུང་བ་དེ་ལོ་གོང་མ་ལས་བརྒྱ་ཆ་21.1འཕར་ཡོད། འཛད་སྤྱོད་བྱ་ཡུལ་ལ་གཞིགས་ན། གྲོང་ཁྱེར་དང་གྲོང་རྡལ་གྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་371.16ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་20.1འཕར་བ་དང་། གྲོང་གསེབ་ཏུ་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་56.58ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་27.9འཕར་ཡོད། ལས་རིགས་ལ་གཞིགས་ན།ཚོང་ཟོག་སིལ་ཚོང་སྒོར་དུང་ཕྱུར་393.15ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་20.8འཕར་བ་དང་། བཟའ་བཏུང་ཡོང་འབབ་སྒོར་དུང་ཕྱུར་34.59ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་24.6འཕར་ཡོད།
2023ལོར་གྲོང་ཁྱེར་ཡོངས་ཀྱི་འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན་ཁྲི་16.42ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་2.6འཕར་བ་དང་། ལོ་ཧྲིལ་པོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་གནས་ཐང་འཕར་ཚད་ལོ་གོང་མ་ལས་བརྒྱ་ཆ་9.7འཕར་བ། ལོ་ཧྲིལ་པོར་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་གྲངས་ལོ་གོང་མ་ལས་བརྒྱ་ཆ་45.0འཕར་བ། ལོ་ཧྲིལ་པོར་ཞབས་ཞུའི་ལས་རིགས་ཀྱི་གནས་ཐང་འཕར་ཚད་ལོ་གོང་མ་ལས་བརྒྱ་ཆ་9.4འཕར་བ། གྲོང་ཁྱེར་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་ཁེ་ལས་ལ་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་149.89བྱུང་བ་དེ་དུས་མཚུངས་ལས་བརྒྱ་ཆ་50.3འཕར་ནས་ལྗོངས་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་23.4ཡིས་མཐོ་བ་དང་ཟླ་9བསྟུད་མར་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社