分享按钮

(པར་ངོས་དང་པོར་མཐུད)ཡང་ན་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།

ཟླ་བ་གསུམ་པའི་གནམ་མཚོའི་ཕྱོགས་གང་སར་དར་ཁ་བསྒྲིགས་ནས་སྙན་ངག་དང་གླུ་གཞས་ལྟ་བུ་ཞིག་ཏུ་གྱུར་ཡོད། གནམ་མཚོའི་བཀྲ་ཤིས་གླིང་ཕྲན་དུ་འབྱོར་རྗེས། ཤའོ་ཡིའུ་ཚའེ་དང་བཅས་པས་རྣམ་གྲངས་འཆར་འགོད་ཀྱི་དཔེ་རིས་ལ་གཟིགས་ཞིབ་གནང་བ་དང་། གནམ་མཚོ་ཤང་དེ་རྩེར་སོན་ཡུལ་སྐོར་ཁྱད་ལྡན་གྲོང་རྡལ་དུ་གཏོད་པའི་འཆར་འགོད། གནམ་མཚོའི་འབྱུང་ཁམས་ཡུལ་སྐོར་འཆར་འགོད། བཀྲ་ཤིས་གླིང་ཕྲན་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ཐོན་རྫས་རིམ་སྤོར་གྱི་འཆར་གཞི། གནམ་མཚོ་དེ་ཉིད་རྒྱལ་ཁབ་ཀྱི་A5རིམ་པའི་མཛེས་ལྗོངས་ཁུལ་དུ་གཏོད་པའི་ལས་དོན་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་གནང་བ་རེད།

བཀྲ་ཤིས་གླིང་ཕྲན་ནས་གངས་རི་དཀར་པོ་བརྒལ་བ་དང་ཀྱག་ཀྱོག་གི་ལམ་ཕྲན་བརྒྱུད། ཤའོ་ཡིའུ་ཚའེ་དང་བཅས་པ་རླངས་འཁོར་ལ་བསྡད་དེ་སྤྱི་ལེ་300ཙམ་ཡོད་པའི་མཚོ་སྐོར་ལམ་བུའི་ཐོག་བསྐྱོད་པ་རེད། ལམ་བར་དུ་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་བདེ་ཆེན་གྲོང་རྡལ་དང་། དོ་སྐྱ་དགོན། གླང་ཆེན་གནམ་སྒོ་སོགས་བརྒྱུད་སྐབས། ཤའོ་ཡིའུ་ཚའེ་དང་བཅས་པས་རླངས་འཁོར་ནས་བབས་ཏེ་རང་བྱུང་མཛེས་ལྗོངས་ལ་མྱོང་ཚོར་དང་། མཛེས་ལྗོངས་ཁུལ་གྱི་འཆར་འགོད་ལ་མཁྱེན་རྟོཊ། ལམ་དྲའི་བཀོད་པ་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་གནང་བ་རེད། ཁོང་གིས་གསར་འབྱེད་དང་སྲུང་སྐྱོང་མཉམ་དུ་འཛིན་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་མཛེས་ལྗོངས་ཁུལ་གྱི་གདོད་མའི་རང་བཞིན་དང།འཐུས་ཚང་རང་བཞིན་ལ་ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་རྒྱུན་འཁྱོངས་བྱེད་པ་དང་། བཀོད་སྒྲིག་བྱེད་སྟངས་ལེགས་སུ་གཏོང་བ། མཚོ་སྐོར་བ་དང་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་གནམ་མཚོ་དེ་ཉིད་ལྗོངས་ཡོངས་ཀྱི་ས་མཐོའི་འབྱུང་ཁམས་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་དཔེ་སྟོན་ལས་གྲྭ་ཞིག་ཏུ་བསྐྲུན་དགོས་ཞེས་ནན་གསུངས་གནང་བ་རེད།

དེའི་རྗེས་སུ་འཚོགས་པའི་བཞུགས་མོལ་ཚོགས་འདུའི་ཐོག ཚོགས་ཞུགས་བློ་མཐུན་ཚོས་གང་བསམ་ལྷུག་བརྗོད་དང་། གྲོས་མོལ་གྲོས་འཆར་བཏོན་ནས་ས་ཁོངས་གཉིས་ཀྱི་ས་ཁོངས་ལས་བརྒལ་བའི་ཡུལ་སྐོར་མཉམ་ལས་གསར་སྤེལ་ལ་སྐུལ་འདེད་གཏོང་བའི་རིག་ལམ་དང་བྱ་ཐབས་ལ་ཐུན་མོང་ཐོག་གྲོས་བསྡུར་གནང་བ་རེད། ཚོགས་ཞུགས་བློ་མཐུན་ཚོའི་གཏམ་བཤད་ལ་ཉན་རྗེས། ཤའོ་ཡིའུ་ཚའེ་ཡིས་གནམ་མཚོའི་མཛེས་ལྗོངས་ཁུལ་གྱི་ཐོན་ཁུངས་དམིགས་བསལ་ཡིན་པ་དང་། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད། ནག་ཆུ་དང་ལྷ་ས་ས་གནས་གཉིས་ཀྱིས་ཚུགས་གནས་སྔར་བས་མཐོར་གཏོང་དང་། བསམ་བློ་གཅིག་གྱུར། ཕན་ཚུན་ལག་གདང་སྦྲེལ་བ་བཅས་བྱས་ནས་རྒྱལ་སྤྱིའི་ཐོག་སྐད་གྲགས་ཆོད་ནུས་དང་ཤུགས་རྐྱེན་ཐེབས་ཤུགས་ལྡན་པའི་ས་མཐོའི་ཁྱད་ལྡན་ཡུལ་སྐོར་མཛེས་ལྗོངས་ཁུལ་རྩེ་གྲ་ཞིག་བཏོད་དེ་ས་གནས་དེ་གའི་ཐོན་ལས་འཕེལ་རྒྱས་དང་། མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱེད་དགོས། རྩེ་རིམ་ཇུས་འགོད་ལ་སྤྱི་འདོམས་བྱས་ཏེ་A5རིམ་པའི་མཛེས་ལྗོངས་ཁུལ་གྱི་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་དུས་ཐོག་ཏུ་བཙུགས་ཏེ། ལྗོངས་ཡོངས་ཀྱི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཆུ་ཚད་མཐོ་བའི་འཆར་འགོད་ཇུས་འགོད་བྱེད་དགོས། མཛེས་ལྗོངས་ཁུལ་འཛུགས་སྐྲུན་ལ་སྤྱི་འདོམས་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་དང་། མཛེས་ལྗོངས་ཁུལ་འཛུགས་སྐྲུན་བཅས་མཉམ་དུ་མཐོ་རུ་བཏང་ནས་ཡུལ་སྐོར་འགྲིམ་འགྲུལ་མ་ལག་ལེགས་སུ་གཏོང་བ་དང་། མཛེས་ལྗོངས་ཁུལ་དང་མཛེས་ལྗོངས་ཁུལ་ནང་གི་འགྲོ་ལམ་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ། ཡུལ་སྐོར་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ཁོར་ཡུག་དང་སྒྲིག་ལམ་རྒྱུན་མཐུད་ངང་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཡུལ་སྐོར་བའི་བློ་ཡིད་ཚིམ་ཚད་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱེད་དགོས། གཉེར་སྐྱོང་དང་དོ་དམ་ལ་སྤྱི་འདོམས་བྱས་ཏེ། རྩིས་ཆེན་པོ་རྒྱག་རྒྱུ་དང་ཁྱོན་ཡོངས་ལ་བསམ་བློ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་རྩིས་ཆུང་ངུ་མི་རྒྱག་པ་དང་། ཕན་ཚུན་ལ་རྙོག་དྲ་མི་བཟོ་བ། གཉེར་སྐྱོང་དང་དོ་དམ་བྱེད་སྟངས་ལེགས་སུ་གཏོང་བ། སེམས་ནུས་གཅིག་སྒྲིལ་གྱིས་ཡུལ་སྐོར་ལས་རིགས་ཀྱིས་སྣེ་ཁྲིད་བྱེད་པའི་ཐོན་ལས་གསུམ་པ་སྟོབས་ཆེར་གཏོང་བ་བཅས་བྱས་ནས་ས་ཁོངས་གཅིག་གི་ཆེད་དུ་གཟི་བརྗིད་བརྩོན་ལེན་བྱས་ཏེ་ཁྱོན་ཡོངས་ལ་ཡང་བཀྲག་མདངས་སྣོན་དགོས། ཁྲིམས་བསྟར་ནན་པོ་བྱ་རྒྱུ་སྤྱི་འདོམས་བྱས་ཏེ། ལྟ་སྐུལ་དང་ཁྲིམས་བསྟར་བྱ་ཤུགས་ཆེ་རུ་གཏོང་དགོས་པ། མང་ཚོགས་ལ་མཛེས་ལྗོངས་ཁུལ་གྱི་སྒོ་ཕྱེ་བ་དང་མི་སྒེར་གྱིས་ཡུལ་སྐོར་བར་སྣེ་ལེན་བྱེད་པ་སོགས་ཀྱི་བྱེད་སྤྱོད་གཏན་འགོག་བྱ་རྒྱུའི་སློབ་གསོ་རྒྱག་པ། ཡུལ་སྐོར་ལས་དོན་ཁང་གིས་མཛེས་ལྗོངས་ཁུལ་གཏོད་པའི་བྱེད་སྤྱོད་ལ་རྡུང་རྡེག་དང་བཅོས་སྒྲིག་བྱས་ནས་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་སྔར་བས་ཚད་ལྡན་དུ་གཏོང་བ་དང་། འབྱུང་ཁམས་ཁོར་ཡུག་ལ་སྲུང་སྐྱོང་། ཡུལ་སྐོར་བའི་ཁེ་དབང་ལ་སྲུང་སྐྱོང་བཅས་བྱེད་དགོས། དྲིལ་བསྒྲགས་དང་ཚོང་གཉེར་ལ་སྤྱི་འདོམས་བྱས་ཏེ། གཞོགས་འདེགས་དམ་ཟབ་དང་། ཕན་ཚུན་འོས་སྦྱོར་བཅས་བྱས་ནས་བྱེད་སྒོ་རབ་དང་རིམ་པ་ཐུན་མོང་ཐོག་ཇུས་འགོད་དང་སྒྲིག་འཛུགས་བྱས་ཏེ་མཛེས་ལྗོངས་ཁུལ་གྱི་ཤུགས་རྐྱེན་ཐེབས་ཤུཊ་དང་སྐད་གྲགས་ཆོད་ཚད་སྔར་བས་ཆེ་རུ་བཏང་ནས་ས་ཁུལ་གཉིས་པོའི་ཡུལ་སྐོར་ཐོན་ལས་ཐུན་མོང་ཐོག་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་བ་རེད།

ཀྲོང་ཅིན་སུང་གིས་ནག་ཆུ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ལས་དོན་དེར་རྦད་དེ་མོས་མཐུན་ཡོད་པ་དང་། ཁྱོན་ཡོངས་ནས་དང་ལེན་བྱས་ཏེ། གནམ་མཚོའི་ས་ཁོངས་སྒྲོལ་བའི་ཡུལ་སྐོར་མཉམ་ལས་གསར་སྤེལ་གྱི་ལས་དོན་ལ་སྐུལ་འདེད་བཏང་ནས་བསམ་བློའི་ངོས་འཛིན་སྔར་བས་གཅིག་གྱུར་དང་། ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། ལས་འགན་དང་དམིགས་ཚད་ཡང་དག་པའི་སྒོ་ནས་གཏན་འཁེལ་ཡག་པོ་དང་དོན་འཁྱོལ་ཡག་པོ་བྱས་ནས། འཆར་འགོད་དོན་འཁྱོལ་མཐར་ཕྱིན་བྱ་རྒྱུའི་འགན་ལེན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-03-21 6 6 拉萨日报藏文 c177981.html 1 /enpproperty-->