(པར་ངོས་དང་པོར་མཐུད)དངུལ་བུན་གྱི་ཞིབ་བཤེར་མཆན་འགོད་བརྒྱུད་རིམ་ལེགས་སུ་བཏང་བ་བརྒྱུད་ས་ཁང་བདག་ཁོངས་རྣམ་གྲངས་ལ་ཞིབ་འཇུག་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མཐར་ཁེ་ལས་དང་།ལྷ་ས་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས།ལྷ་ས་གྲོང་ཁྱེར་གཏན་འཇགས་རྒྱུ་ནོར་ཐོ་འགོད་ལྟེ་གནས་བཅས་ཕྱོགས་གསུམ་གྱི་མཉམ་འགུལ་འོག་ཉེ་ཆར་དམངས་གཉེར་ཁེ་ལས་དེས་སྒོར་ཁྲི་9000ཟིན་པའི་ས་ཁང་བདག་ཁོངས་གསར་སྤེལ་དངུལ་བུན་གྱི་ཞིབ་བཤེར་ཆོག་མཆན་སྤྲོད་རྒྱུ་ལེགས་སྒྲུབ་བྱས་པ་རེད།
གན་འཇོག་མཛད་སྒོའི་ཐོག་རང་ལྗོངས་ཀྱིས་གྲོང་ཁྱེར་གྱི་ས་ཁང་ཐོན་ལས་ཀྱི་མ་དངུལ་བསྡུ་སྒྲིལ་མཐུན་སྦྱོར་ལམ་སྲོལ་གྱི་མིང་ཐོ་དཀར་པོའི་རྣམ་གྲངས་དངུལ་བུན་དོན་འཁྱོལ་བྱེད་མཁན་དམངས་གཉེར་ཁེ་ལས་ཀྱི་ཕན་པ་ཐོབ་མཁན་ཐོག་མ་ཡིན་པའི་བོད་ལྗོངས་ཅ་ཧོ་ས་ཁང་ཐོན་ལས་གསར་སྤེལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་དང་ཀྲུང་གོ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་དབར་གྲོང་ཁྱེར་གྱི་ས་ཁང་ཐོན་ལས་ཀྱི་མ་དངུལ་བསྡུ་སྒྲིལ་མཐུན་སྦྱོར་ལམ་སྲོལ་གྱི་མིང་ཐོ་དཀར་པོའི་རྣམ་གྲངས“ལྷ་ས·ཙེ་ཡོན”གྱི་དངུལ་བུན་སྒོར་ཁྲི་9000གཏོང་རྒྱུའི་གྲོས་མཐུན་བཞག་པ་རེད།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社