ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷུན་གྲུབ་རྫོང་ལྕང་ར་ཤར་ཤང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གནས་སྐབས་ཏང་ཀྲི་པུས་ཏང་གི་གཙོ་དོན་ཉིན་མོའི་སློབ་སྦྱོང་ཚོགས་འདུ་འཚོགས་པ་རེད།
ཚོགས་འདུའི་ཐོག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ཐོན་སྐྱེད་བདེ་འཇགས་ཀྱི་ལས་དོན་ལ་བཀོད་སྒྲིག་བྱས་པ་དང་། གྲོང་ཚོ་ཁག་གི་གཤེར་རླངས་བེད་སྤྱོད་དང་། གློག་སྒུལ་འཁོར་རིགས་ལ་གློག་གསོག་པ། རླངས་འཁོར་ལ་དོ་དམ་བཅས་བྱེད་སྐབས་མེ་དང་གཤེར་རླངས་སྤྱོད་པ་སོགས་ཀྱི་འབྲེལ་ཡོད་ལས་དོན་ལ་སླར་ཡང་ནན་བཤད་བྱས་ནས་བཀོད་སྒྲིག་བྱས་པ་རེད།
ཚོགས་འདུའི་ཐོག་2024ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བ་དང་། ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན། གྲོང་ཚོར་བཅའ་སྡོད་ལས་དོན་རུ་མིས་ཆབ་སྲིད་ལ་སྣང་ཆེན་དང་། འགན་འཁུར་ཕོད་པ། བློ་རྒྱ་ཡངས་ལ་སྣང་ཆེན་བཅས་ཀྱི་སྤྱོད་ཚུལ་བཟང་པོ་མུ་མཐུད་མཐའ་འཁྱོངས་བྱས་ཏེ། ཏན་ཏན་ཏིག་ཏིག་ངང་ཞིང་འབྲོག་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ། དཔྱིད་རྨོད་དཔྱིད་འདེབས་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་། གཞི་རིམ་བཅོས་སྐྱོང་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་འཐུས་ཚང་དུ་གཏོང་བ། ལས་དོན་ཁག་གི་རྩིས་ཁྲ་བཟོ་བ་དང་འཐུས་ཚང་དུ་གཏོང་བ། ལས་དོན་ལ་ཕྱོགས་བསྡོམས་དང་ཉམས་མྱོང་བསྡུ་ལེན་ཡག་པོ་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཁས་ལེན་མངོན་འགྱུར་ཡོང་བར་བྱེད་པ་དང་། གུང་ཁྲན་ཏང་མིའི་ཕུགས་བསམ་དང་དད་སེམས་ལག་ལེན་དུ་བསྟར་ནས་ལྕང་ར་ཤར་ཤང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་གསུངས་གནང་བ་རེད།
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社