(པར་ངོས་དང་པོར་མཐུད)ཚོང་འགུགས་མ་འདྲེན་ཁེ་ལས་ཀྱི་ཐོག་མའི་ཁྲིམས་གཏན་འཁེལ་བའི་མི་སྣ་དང་ཐོག་མའི་མ་རྐང་འཇོག་མཁན་ཚང་མར་ཟེར།བུ་ཕྲུག་རང་ལྗོངས་ཀྱི་མཐོ་རྒྱུགས་དཀྱུས་མའི་ནང་ཞུགས་མཁན་གྱི་ཚོང་འགུགས་མ་འདྲེན་ཁེ་ལས་ཀྱི་མ་འཇོག་གཉེར་སྐྱོང་བྱེད་མཁན་གྱིས་བོད་དུ་མ་འཇོག་དངུལ་འབོར་མི་དམངས་ཤོག་སྒོར་ཁྲི་300ཡན་བྱས་པར་མ་ཟད།ལོ་5ཡི་ནང་མ་དངུལ་དང་མ་རྐང་ཕྱིར་འཐེན་བྱས་མེད་པ། (གཉིས)ཚོང་འགུགས་མ་འདྲེན་ཁེ་ལས་ཀྱིས་ངེས་པར་དུ་བོད་དུ་ཐོ་འགོད་བྱས་པར་མ་ཟད།ལོ་3ཡན་བསྟུད་མར་ལས་གཉེར་བྱས་པ་དང་།ལོ་3ཡན་བོད་དུ་ཁྲལ་འཇལ་བ།ལོ་5ཡན་བསྟུད་མར་ཐེམ་ཐོ་བོད་ནས་ཡིན་པའི་མི་སྣ་ལས་ཞུགས་ཐུབ་པར་བྱས་པར་མ་ཟད།ལོ་ལྟར་མི་5ཡན་རྒྱུན་འཁྱོངས་བྱས་ཡོད་པ།(གསུམ)ཚོང་འགུགས་མ་འདྲེན་ཁེ་ལས་ཀྱི་མ་འཇོག་གཉེར་སྐྱོང་བྱེད་མཁན་གྱི་བུ་ཕྲུག་ལ་ལོ་3ཡན་གྱི་བོད་ཀྱི་ཐེམ་ཐོ་དང་བོད་ཀྱི་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་ཁུངས་ལོ་གཅིག(མཐོ་རིམ་ལོ་རིམ་གསུམ་པ)ཡན་ཡོད་དགོས་པར་མ་ཟད།བོད་དུ་དངོས་སུ་སློབ་སྦྱོང་བྱེད་མྱོང་ཡོད་པ།
《བརྡ་ཐོའི》ནང་ཚོང་འགུགས་མ་འདྲེན་ཁེ་ལས་ཀྱི་མ་འཇོག་བྱེད་མཁན་གྱི་བུ་ཕྲུག་རང་ལྗོངས་ཀྱི་མཐོ་རྒྱུགས་དཀྱུས་མའི་ནང་ཞུགས་རྒྱུའི་ཐོ་འགོད་བྱེད་སྐབས་གཤམ་གསལ་གྱི་ངོ་སྤྲོད་དཔྱད་ཡིག་མཁོ་འདོན་བྱེད་དགོས་པ་སྟེ།(གཅིག)ཚོང་འགུགས་མ་འདྲེན་ཁེ་ལས་ཀྱི་མ་འཇོག་གཉེར་སྐྱོང་པས་ཚོང་འགུགས་མ་འདྲེན་ཁེ་ལས་ཀྱི་ཐོག་མའི་ཁྲིམས་གཏན་མི་སྣའམ་ཡང་ན་ཐོག་མའི་མ་རྐང་བདག་པོའི་དཔང་རྟགས་དཔྱད་ཡིག་མཁོ་འདོན་བྱེད་དགོས།(གཉིས)ཚོང་འགུགས་མ་འདྲེན་གྱི་ཁེ་ལས་དང་།རང་སྐྱོང་ལྗོངས་དང་། ས་ཁུལ(གྲོང་ཁྱེར) རྫོང(ལྗོངས་དང་གྲོང་ཁྱེར)ངམ་ཡང་ན་རྒྱལ་ཁབ་རིམ་པའི་གླིང་ཁུལ་གྱི་མ་འཇོག་སྐུལ་འདེད(ཚོང་འགུགས་མ་འདྲེན)ཚན་པས་མིང་རྟགས་བཀོད་པའི་ཚོང་འགུགས་མ་འདྲེན་གྱི་གྲོས་མཐུན་དང་དེ་བཞིན་གྲོས་མཐུན་གྱི་གཏན་འབེབས་ལྟར་ཁ་ཆད་ལག་བསྟར་བྱས་པའི་ངོ་སྤྲོད་ཡི་གེ།བོད་དུ་ཐོ་འགོད་བྱས་པར་མ་ཟད་ཐོན་སྐྱེད་གཉེར་སྐྱོང་གི་གནས་ཚུལ(དངོས་ཡོད་མ་འཇོག་དང་གཉེར་སྐྱོང་སོགས) བཟོ་ཚོང་ལས་གཉེར་ལག་ཁྱེར་དང་།མ་དངུལ་ཞིབ་བཤེར་བྱས་པའི་དཔང་ཡིག ཁེ་ལས་ཀྱི་གཞི་རྩའི་ཆ་འཕྲིན་རེའུ་མིག ཀུང་སིའི་སྒྲིག་ཡིག ལོ་3བསྟུད་མར་བོད་དུ་ཁྲལ་འཇལ་བའི་གནས་ཚུལ་དང་ལོ་3བསྟུད་མར་རྩིས་པའི་ལས་དོན་ཁང་གིས་རྩིས་བཤེར་བྱས་པའི་ཁེ་ལས་ཀྱི་ནོར་དོན་སྙན་ཞུ་སོགས་ཀྱི་དཔྱད་གཞིའི་ཡིག་རིགས། ལོ་5བསྟུད་མར་ཐེམ་ཐོ་བོད་ནས་ཡིན་པའི་ལས་མི་བསྡུས་པའི་ལས་ཞུགས་གནས་ཚུལ(ལས་བཟོའི་མིང་ཐོ་དང་།གླ་ཆ་སྤྲོད་པ།སྤྱི་ཚོགས་འགན་བཅོལ་སོགས་ཀྱི་དཔྱད་གཞིའི་ཡིག་རིགས་ཚུད་པ)དེ་བཞིན་མཁོ་འདོན་བྱེད་དགོས་པའི་ར་སྤྲོད་ཡིག་རིགས་གཞན་དག་བཅས་ཡིན། རྒྱུགས་སྤྲོད་སློབ་མ་མཐོ་རྒྱུགས་དཀྱུས་མའི་ནང་ཞུགས་ནས་ལོ་དེ་གའི་ཟླ་7ཚེས་31ཉིན་བར་དངོས་སུ་མ་འཇོག་བྱས་པ་དང་ཐེམ་ཐོ་བོད་ནས་ཡིན་པའི་མི་ལོ་3ཡན་ལས་ཞུགས་ཐུབ་པ་དང་ལོ་5མ་ཟིན་་ཚེ།ལོ་4པ་དང་ལོ་5པར་རང་འགུལ་ངང་མ་འཇོག་སྐུལ་འདེད་སྡེ་ཚན་ལ་ལས་ཞུགས་བསྡུ་ལེན་དང་མ་དངུལ་ཕྱིར་འཐེན་མ་བྱས་པའི་ངོ་སྤྲོད་དཔྱད་ཡིག་མཁོ་འདོན་བྱེད་དགོས།(གསུམ)ཚོང་འགུགས་མ་འདྲེན་ཁེ་ལས་ཀྱི་མ་འཇོག་གཉེར་སྐྱོང་བྱེད་མཁན་གྱི་བུ་ཕྲུག་ལ་ལོ་3ཡན་གྱི་བོད་ཀྱི་ཐེམ་ཐོ་དང་བོད་ཀྱི་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་ཁུངས་ལོ་གཅིག(མཐོ་འབྲིང་ལོ་རིམ་གསུམ་པ)ཡན་དགོས་པར་མ་ཟད།བོད་དུ་དངོས་སུ་སློབ་སྦྱོང་བྱས་པའི་ངོ་སྤྲོད་ཡི་གེ་མཁོ་འདོན་བྱེད་དགོས། (བཞི)ལོ་ཚད་བརྩི་མཚམས་འཇོག་པའི་དུས་ཚོད་ནི་རྒྱུགས་སྤྲོད་སློབ་མ་མཐོ་རྒྱུགས་དཀྱུས་མའི་ནང་ཞུགས་ནས་ལོ་དེའི་ཟླ་7ཚེས་31ཉིན་བར་ཡིན་པ་དང་།དེའི་ནང་དངོས་སུ་ལོ་5དང་ལོ་5བསྟུད་མར་ཐེམ་ཐོ་བོད་ནས་ཡིན་པའི་མི་སྣ་ལས་ཞུགས་ཐུབ་པར་བྱས་པའི་ལོ་ཚད་མཚམས་འཇོག་དུས་ཚོད་ནི་རྒྱུགས་སྤྲོད་སློབ་མ་མཐོ་རྒྱུགས་དཀྱུས་མའི་ནང་ཞུགས་པའི་ལོ་དེའི་ཟླ་7ཚེས་31ཉིན་གྱི་རྗེས་སུ་ལོ་2བར་བརྩི་རྒྱུ།(ལྔ)གལ་ཏེ་གཏན་འབེབས་ཀྱི་ཆ་རྐྱེན་མ་འཛོམས་པ་དང་འབྲེལ་ཡོད་ཀྱི་ངོ་སྤྲོད་དཔྱད་ཡིག་མཁོ་འདོན་མ་བྱས་ཚེ་ཚོང་འགུགས་མ་འདྲེན་ཁེ་ལས་ཀྱི་མ་འཇོག་བྱེད་མཁན་གྱི་བུ་ཕྲུག་གིས་རང་ལྗོངས་ཀྱི་སྤྱིར་བཏང་མཐོ་རྒྱུགས་སྲིད་ཇུས་ལོངས་སྤྱོད་བྱེད་མི་ཆོག
《བརྡ་ཐོ》པར་འགྲེམས་མ་བྱས་གོང་རང་སྐྱོང་ལྗོངས་ཀྱི་ཚོང་འགུགས་མ་འདྲེན་གྱི་སྲིད་ཇུས་དང་མཐུན་པ་དང་།བོད་དུ་ཐོ་འགོད་བྱས་པའི་ཐོན་སྐྱེད་གཉེར་སྐྱོང་གི་ཚོང་ཁང་དང་།རང་སྐྱོང་ལྗོངས་དང་།ས་གནས(གྲོང་ཁྱེར) རྫོང(ལྗོངས་དང་གྲོང་ཁྱེར)ངམ་ཡང་ན་རྒྱལ་ཁབ་རིམ་པའི་གླིང་ཁུལ་གྱི་མ་འཇོག་སྐུལ་འདེད(ཚོང་འགུགས་མ་འདྲེན་)སྡེ་ཚན་གྱིས་ཚོང་འགུགས་མ་འདྲེན་གྱི་གྲོས་མཐུན་བཞག་པའི་ཁེ་ལས་ཁག་གི་མ་འཇོག་གཉེར་སྐྱོང་མཁན་གྱི་བུ་ཕྲུག་བོད་ཀྱི་2024ལོ་དང་།2025ལོ།2026ལོ་བཅས་ཀྱི་སྤྱིར་བཏང་མཐོ་རྒྱུགས་ནང་ཞུགས་ཆོག་པ་དང་།《བོད་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུའི་ཐོ་འགོད་ཆ་རྐྱེན་གྱི་གཏན་འབེབས》དང་རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་འཕེལ་སྒྱུར་ཨུ་ལྷན་གྱི《ལྗོངས་ཡོངས་ཀྱི་ཚོང་འགུགས་མ་འདྲེན་ཁེ་ལས་ཀྱི་མ་འཇོག་གཉེར་སྐྱོང་པའི་བུ་ཕྲུག་རང་ལྗོངས་ཀྱི་མཐོ་རྒྱུགས་ནང་ཞུགས་རྒྱུའི་སྲིད་ཇུས་འགྲེལ་བཤད་ཡག་པོ་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》ལྟར་ལག་བསྟར་བྱེད་དགོས།
བརྡ་ཐོ་དེ་པར་འགྲེམས་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་དང་།2027ལོའི་མཐོ་རྒྱུགས་དཀྱུས་མའི་མིང་ཐོ་འགོད་སྐབས་དོན་འཁྱོལ་བྱ་རྒྱུ་རེད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社