ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། སྟག་རྩེ་ཆུས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་སྟག་རྩེ་ཆུས་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭའི་བཀོད་འདོམས་པུའུ་དང་། སྟག་རྩེ་སྐྱེད་ཚལ་ཀུང་སི། འབྲེལ་ཡོད་གསོ་སྦྱོང་ཚན་པ་བཅས་དང་མཉམ་འབྲེལ་ཐོག་གཙང་རྟོགས་ཤང་ཆ་གྲོང་ཚོར་2024ལོའི་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭའི་རྩལ་ནུས་ཀྱི་ཆེད་དོན་གསོ་སྦྱོང་བྱས་པ་རེད། གཙང་རྟོགས་ཤང་སྲིད་གཞུང་དང་། ཤང་མངགས་གཏོང་ཁང་། ཆ་གྲོང་ཚོ་ཨུ་ལྷན་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་དེ་བཞིན་ཞིང་འབྲོག་མང་ཚོགས་150ལྷག་ཙམ་གསོ་སྦྱོང་ཚོགས་འདུར་ཞུགས་ཡོད་པ་རེད།
གསོ་སྦྱོང་དེ་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་ཐབས་ལ་བརྟེན་ནས་སྤེལ་བ་རེད། གསོ་སྦྱོང་ནང་ཤིང་རིཊ་དབྱེ་འབྱེད་དང་། ནད་འབུའི་གནོད་འཚེར་དབྱེ་ཞིབ། དོ་དམ་དང་སྲུང་སྐྱོང་། ས་ཁོངས་ཀྱི་མེ་ཟོན་སོགས་ཀྱི་ནང་དོན་ལ་དམིཊ་ཏེ་ཡུལ་དངོས་སུ་སློབ་ཁྲིད་བྱས་པ་རེད།
ཚོགས་འདུའི་ཐོག་བསྟན་དོན། ལྷ་ས་གྲོང་ཁྱེར་གྱི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་ནི་བྱས་རྗེས་དེང་འདིར་བཞག་ཕན་འབྲས་བསྐལ་བརྒྱར་ཐོན་པ་ཞིག་རེད། གཅིག་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་པ་སྟེ། གསོ་སྦྱོང་བྱེད་མཁན་ཚན་པ་དང་སྟག་རྩེ་སྐྱེད་ཚལ་ཀུང་སིས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གསོ་སྦྱོང་གི་ནང་དོན་དང་ད་ལྟའི་དུས་མཚམས་ཀྱི་འབྱུང་ཁམས་ཁོར་ཡུག་དང་ཟུང་འབྲེལ་དམ་ཟབ་བྱེད་དགོས་པ་དང་། གཉིས་ནས་གནས་ཚུལ་གསར་པར་ཞིབ་འཇུག་དང་རིག་ལམ་གསར་པ་ཆགས་པར་བྱེད་དགོས་པ་སྟེ། ལྷོ་བྱང་རི་བོའི་སྔོ་འགྱུར་ཐད་ཀྱི་རྩལ་ནུས་གསོ་སྦྱོང་གི་ནང་དོན་དེ་དོན་འཁྱོལ་ཞིབ་ཕྲ་བྱེད་དགོས་པ། གསུམ་ནས་སྒྲིག་ཁྲིམས་ནན་སྲུང་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་སྟེ། མི་ཚང་མས་སེམས་ཁུར་དང་། མི་ཚང་མས་རྒྱབ་སྐྱོར། མི་ཚང་མ་ལྷོ་བྱང་རི་བོ་སྔོ་འགྱུར་ལས་གྲྭའི་འཛུགས་སྐྲུན་ནང་ཞུགས་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས་པ། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社