ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཁོངས་གཏོགས་ལས་ཁུངས་དང་ཁེ་ལས་དང་བྱ་གཞག་ཚན་པའི་ལེགས་ཆའི་ཐོན་ཁུངས་བསྡུ་སྒྲིལ་གང་ལེགས་བྱས་ནས་ས་ཁོངས་ཅན་གྱི་ཏང་འཛུགས་སྐྱོང་མཉམ་སྐྲུན་གྱི་རྣམ་པ་གསར་པ་གཏོད་ཆེད།ཉེ་ཆར།ཁྲེང་ཀོན་ཆུས་བརྒྱད་གཅིག་ཁྲོམ་གཞུང་གིས་ཁྲོམ་གཞུང་ལས་དོན་ཨུ་ལྷན་བཙུགས་པ་དང་འབྲེལ་མཉམ་འབྲེལ་ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད།བཅའ་སྡོད་བྱ་ཡུལ་ཚན་པའི་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་དང་། ཁྲོམ་གཞུང་གི་ལས་གནས་ཐོག་ཡོད་པའི་ཏང་སྲིད་འགོ་ཁྲིད་ཚན་པ།སྡེ་ཁུལ་ཁག་གི་འགོ་ཁྲིད་གཙོ་བོ།ཁྲོམ་གཞུང་ལས་ཁུངས་ཀྱི་ལས་བྱེད་པ་བཅས་ཁྱོན་མི་90ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།
ཚོགས་འདུའི་ཐོག《ལས་དོན་ཨུ་ལྷན་དང་ཏང་ཨུ་ལྷན་གྱི་ས་ཁོངས་ཅན་གྱི་ཏང་འཛུགས་སྐྱོང་ལས་དོན་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བརྒྱད་གཅིག་ཁྲོམ་གཞུང་ཏང་ལས་དོན་ཨུ་ལྷན་གྱི་ཇུས་གཞི》དང་ལས་འགན་གཅིག་ལྕོགས་འཁུར་མཁན་ཨུ་ཡོན་གྱི་མིང་ཐོ་སྒྲོག་སྦྱངས་བྱས་པ་དང་།ལས་དོན་ཨུ་ལྷན་གྱི་ལས་ཀའི་ལམ་ལུགས་དང་དོན་གྲོས་ལམ་སྲོལ་ལ་གྲོས་ཞིབ་བྱས་པ།སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་གཟེངས་བསྟོད་བྱས་པ།ལས་དོན་ཨུ་ལྷན་གྱི་གྲུབ་ཁོངས་ལས་ཁུངས་ཀྱི་འཐུས་མིས《མཉམ་སྡོད་མཉམ་སྐྲུན་གྲོས་མཐུན》ལ་མིང་རྟགས་བཀོད་པ་རེད།
བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་ལས་ཁུངས་ཏང་ཨུད་ཀྱི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་ཕུར་བུ་ཚེ་རིང་གིས་ལས་འགན་གཅིག་ལྕོགས་ཨུ་ཡོན་གྱི་ཚབ་ཞུས་ནས་གཏམ་བཤད་གནང་བ་རེད།ཁོང་གིས་བཅའ་སྡོད་བྱ་ཡུལ་གྱི་ཚན་པ་ཞིག་ཡིན་པའི་ངོས་ནས་ཕྱིས་འབྱུང་གི་ལས་དོན་ནང་མཉམ་སྡོད་མཉམ་སྐྲུན་དང་།མཉམ་བཅོས་མཉམ་སྤྱོད་བཅས་ཀྱི་འདུ་ཤེས་མུ་མཐུད་རྒྱུན་འཛིན་བྱས་ནས་ཁྲོམ་གཞུང་སྡེ་ཁུལ་གྱི་འབྲེལ་ཡོད་ལས་དོན་ལ་སྔར་རྒྱུན་བཞིན་རྒྱབ་སྐྱོར་དང་གཞོཊ་འདེཊ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
ཁྲོམ་གཞུང་ལས་དོན་ཨུ་ལྷན་བཙུགས་པ་དེས་བྱེད་སྒོ་མཉམ་དུ་གཉེར་བ་དང་།ས་ཁོངས་མཉམ་བཅོས་བྱེད་པ།ཞབས་ཞུ་མཉམ་སྤྱོད་བྱེད་པ། དཔུང་ཁག་མཉམ་སྐྱོང་བྱེད་པ་བཅས་ལ་ཕན་ཐོགས་ཡོད་པར་མ་ཟད།ཁྲོམ་གཞུང་གི་གཞི་རིམ་བཅོས་སྐྱོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་ཐུབ།བརྒྱད་གཅིག་ཁྲོམ་གཞུང་ལས་དོན་ཨུ་ལྷན་བཙུགས་རྗེས།ཁྲོམ་གཞུང་གིས་གཞི་རིམ་ལ་སྤྱི་འདོམས་བྱེད་པའི་ནུས་པ་སྔར་བས་འདོན་སྤེལ་བྱས་ནས་ཁྲོམ་གཞུང་དང་སྡེ་ཁུལ་གྱི་ནང་ངོས་ཐོན་ཁུངས་ཟམ་མི་ཆད་པར་སྔོག་འདོན་དང་བསྡུ་སྒྲིལ་བྱེད་པ་དང་།ཁྲོམ་གཞུང་སྡེ་ཁུལ་དང་སྡེ་ཁུལ་དུ་བཅའ་སྡོད་ཚན་པའི་ཁེ་ཕན་མཉམ་གནས་དང་།ཐོན་ཁུངས་མཉམ་སྤྱོད།མཉམ་སྡོད་མཉམ་སྐྲུན།ཕྱོགས་གཉིས་ཞབས་ཞུ།གཉིས་ཕན་མཉམ་འཕེལ་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་གཏོད་རྒྱུ་རེད།(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社