ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་3ཚེས་19ཉིན།ལྷ་ས་གྲོང་ཁྱེར་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ལྷ་ས་གྲོང་ཁྱེར་གྱི་2023ལོའི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། གྲོང་ཁྱེར་བསྡོམས་རྩིས་ཅུས་ཏང་ཙུའི་ཁོངས་མི་དང་ཅུས་ཀྲང་གཞོན་པ་དབྱང་ལིན་གྱིས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
ཐོག་མའི་ཞིབ་རྩིས་བྱས་པ་བརྒྱུད། 2023ལོར་གྲོང་ཁྱེར་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་800ལས་བརྒལ་ནས་སྒོར་དུང་ཕྱུར་834.79ཟིན་པ་དེ་ནི་2021ལོར་སྒོར་དུང་ཕྱུར་700ལས་བརྒལ་རྗེས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་སླར་ཡང་སྐས་རིམ་གསར་པར་སླེབས་པ་མཚོན་ཡོད། ཐོན་ལས་གྲུབ་ཆར་དབྱེ་ཞིབ་བྱས་པར་གཞིགས་ན། གྲོང་ཁྱེར་ཡོངས་ཀྱི་ཐོན་ལས་གསུམ་པའི་གྲུབ་ཆའི་བསྡུར་གྲངས་3.6:39.4:57.0ཟིན་ནས་ཐོན་ལས་གྲུབ་ཆ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད་པ་རེད།ཐོན་ལས་དབྱེ་ནས་བལྟས་ཚེ།ཐོན་ལས་གཉིས་པ་དང་ཐོན་ལས་གསུམ་པས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཕར་བའི་འགག་རྩའི་རང་བཞིན་གྱི་འདེགས་སྐྱོར་ནུས་པ་ཐོན་ཡོད་པ་རེད།
2023ལོར་གྲོང་ཁྱེར་ཡོངས་ཀྱི་ལས་ཞུགས་དུས་བབ་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་གཙོ་གནད་ཚོགས་སྤྱི་ལས་ཞུགས་ཐུབ་རྒྱུར་འགན་ལེན་ཐུབ་ཡོད། གྲོང་ཁྱེར་ཡོངས་ཀྱི་ངལ་རྩོལ་ནང་ཞུཊ་ཚད་དང་ལས་ཞུཊ་མི་འབོར་གྱི་བསྡུར་ཚད་བརྒྱ་ཆ་66.9དང་བརྒྱ་ཆ་64.7སོ་སོར་ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་1.9དང་3.7མཐོ་རུ་ཕྱིན་ཡོད་པ་རེད། ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་1.39གསར་དུ་ལས་ཞུཊ་ཐུབ་ནས་དམིགས་ཚད་ལས་འགན་གྱི་བརྒྱ་ཆ་103.3ལེགས་གྲུབ་བྱུང་བ་དང་། ཞིང་འབྲོག་པ་ཁྲི་8.71ལས་ཞུགས་གཞན་སྒྱུར་ཐུབ་ནས།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社