分享按钮

སྟོད་ལུང་གངས་རི་འབར་རླངས་གསོག་འཇོག་ཚད་ཡོད་ཀུང་སིས་འབར་རླངས་བདེ་འཇགས་གྲལ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་དུས་བདེར་སྲུང་སྐྱོང་བྱས་པ།

པར་འདི་ནི་ལས་དོན་མི་སྣ་གྲོང་མིའི་ཁྱིམ་ཚང་དུ་བསྐྱོད་དེ་འབར་རླངས་ཀྱི་བདེ་འཇགས་ཐད་ཞིབ་བཤེར་བྱེད་བཞིན་པའི་གནས་ཚུལ་ཡིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། འབར་རླངས་བདེ་འཇགས་ལ་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་འབར་རླངས་བདེ་འཇགས་ཀྱི་ལས་འཛོལ་ཐོན་རྒྱུར་དེ་བས་ལེགས་པའི་སྒོ་ནས་སྔོན་འགོག་བྱས་ཏེ་འབར་རླངས་སྤྱོད་མཁན་གྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་བྱ་ཆེད། ཉེ་ཆར། སྟོད་ལུང་གངས་རི་འབར་རླངས་གསོག་འཇོག་ཚད་ཡོད་ཀུང་སིས་འབར་རླངས་བདེ་འཇགས་ཀྱི་དྲིལ་བསྒྲགས་དང་། འབར་རླངས་ཀྱི་མི་མངོན་པའི་རྐྱེན་ངན་ལ་གྲལ་བཤེར། རིན་པ་མི་དགོས་པར་ལྕགས་རྒྱུའི་མཉེན་སྦུག་བརྗེ་བ། འབར་རླངས་སྒྲིག་བཀོད་ཀྱི་བདེ་འཇགས་ལ་ཞིབ་བཤེར་སོགས་ཀྱི་ལས་དོན་སྤེལ་ནས་གྲོང་མི་དང་མང་ཚོགས་ཀྱིས་བདེ་འཇགས་ལྡན་པའི་སྒོ་ནས་སོལ་རླངས་སྤྱོད་རྒྱུར་སྲུང་སྐྱོང་ཏན་ཏིག་བྱས་པ་རེད།

སྟོད་ལུང་གངས་རི་འབར་རླངས་གསོག་འཇོག་ཚད་ཡོད་ཀུང་སིའི་ལས་དོན་མི་སྣ་གྲོང་མིའི་ཁྱིམ་ཚང་དང་། བཟའ་བཏུང་ཚོང་ལས་ཀྱི་ཟ་ཁང་དུ་བསྐྱོད་དེ་འབར་རླངས་སྒྲིག་བཀོད་ལ་སྐྱོན་ཆ་ཡོད་མེད་དང་། ཕུ་ཤོར་ཡོད་མེད། ཕུ་དམ་ཚད་དང་མཐུན་མིན། དུས་བརྒལ་བེད་སྤྱོད་བྱས་མིན། འབར་རླངས་འབྲེལ་མཐུད་ཀྱི་མཉེན་སྦུག་དུས་བརྒལ་བེད་སྤྱོད་བྱས་མིན། སེར་ཁ་གས་མིན། རྙིང་པ་ཆགས་ཡོད་མེད། མཐུད་ཁ་ལྷུག་ཏུ་སོང་ཡོད་མེད་སོགས་ཀྱི་གནས་ཚུལ་ལྷག་ཡོད་མེད་ཐད་ཞིབ་བཤེར་བྱས་པ་རེད། ཞིབ་བཤེར་བྱེད་རིང་། ལས་དོན་མི་སྣས་ད་དུང་གྲོང་མི་མང་ཚོགས་ལ་བདེ་འཇགས་ངང་འབར་རླངས་བེད་སྤྱོད་ཀྱི་ཤེས་བྱ་ཁྱབ་གདལ་བཏང་བར་མ་ཟད། ཚང་མར་དུས་བཀག་ལྟར་འབར་རླངས་ཀྱི་འགྱིག་སྦུག་དང་གནོན་འཕྲིའི་སྟེམ་སྒོར་ཞིབ་བཤེར་བྱས་ནས་སོལ་རླངས་བེད་སྤྱོད་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།

གྲོང་མི་པའོ་ཧྲེང་ཝུའུ་ཡིས་ང་ཚོས་ད་ཆ་སོལ་རླངས་བེད་སྤྱོད་དང་སོལ་རླངས་བརྗེ་བར་ལག་ཐོགས་ཁ་པར་ནས་ཉོ་དགོས་ཀྱི་ཡོད་པས་འབར་རླངས་ཀུང་སིའི་ལས་དོན་མི་སྣས་དུས་ཐོག་ཏུ་སྡེབ་སྐྱེལ་བྱེད་པ་དང་།དུས་མཚུངས་ང་ཚོར་འབར་རླངས་བདེ་འཇགས་ཀྱི་ཤེས་བྱ་སྒྲོག་འགྲེལ་བྱས་ནས་ང་ཚོའི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་གི་ཡོད་ཅེས་བཤད་པ་རེད།

འབར་རླངས་སྒྲིག་ཆས་སྤྱད་ནས་ཡུན་རིང་སོང་ཚེ་འབར་རླངས་འགྱིག་སྦུག་རྙིང་འགྱུར་སོགས་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ཐོན་སྲིད་པ་དང་།དུད་ཚང་དུ་བསྐྱོད་དེ་བདེ་འཇགས་ཞིབ་བཤེར་བྱས་ཚེ་དུས་ཐོག་ཏུ་གནད་དོན་དང་མི་མངོན་པའི་རྐྱེན་ངན་ཤེས་རྟོགས་ཐུབ་ནས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སོལ་རླངས་བེད་སྤྱོད་ཀྱི་ཉེན་ཁ་ཆུང་དུ་གཏོང་ཐུབ་ཀྱི་ཡོད།

ཀུང་སི་དེ་གའི་ཅིང་ལི་ཝང་ཀྲེན་གྱིས་འདི་ལོའི་ཚུན་དུ། ང་ཚོས་རིམ་རྩིས་བྱས་ན་གྲོང་མིའི་དུད་ཚང་ལ་བདེ་འཇགས་ཞིབ་བཤེར་ཐེངས་གྲངས་12000ལྷག་ཙམ་བྱས་པ་དང་བཟའ་བཏུང་ཚོང་ལས་ཐད་ཀྱི་སྤྱོད་མཁན་6700ལྷག་ཙམ་ཟིན་ཡོད།རིམ་རྩིས་བྱས་ན་དྲིལ་བསྒྲགས་དེབ་3400ལྷག་ཙམ་སྤྲད་པ་དང་དུད་ཚང་དུ་བདེ་འཇགས་ཞིབ་བཤེར་བྱེད་པའི་བརྒྱུད་རིམ་ནང་རིམ་རྩིས་བྱས་ན་གྲོང་མི་འཛད་སྤྱོད་པར་མཉེན་སྦུག་དང་སྟེམ་སྒོ་700ལྷག་ཙམ་སྒྲིག་སྦྱོར་བྱས་ཡོད་ཅེས་བཤད།

དུད་ཚང་དུ་ཕྱིན་ནས་བདེ་འཇགས་ཞིབ་བཤེར་ཡོངས་ཁྱབ་བྱས་པ་ཕུད། ཀུང་སིས་ལས་རིགས་ཀྱི་བྱེད་པོའི་འགན་འཁྲི་མཐའ་གཅིག་ཏུ་ཁུར་བ་དང་། འབར་རླངས་ས་ཚིགས་ཀྱི་ཐོན་སྐྱེད་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེནབྱས་ཏེ། སོལ་རླངས་གསོག་འཇོག་སྣོད་དང་། ཕུ་དམ་ནང་ཕུ་བླུག་པ། སྒྲིག་ཆས་ལ་ཞིབ་བཤེར་བྱེད་ཐེངས་མང་དུ་གཏོང་བ། བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་སྣ་ཚོགས་ལ་གྲལ་བཤེར་དང་བཅོས་སྒྲིག་ནན་པོ་བཅས་བྱས་ནས་ཐོན་སྐྱེད་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་མཐའ་གཅིག་ཏུ་བརྟན་དུ་བཏང་ཡོད་པ་རེད།

ཝང་ཀྲེན་གྱིས་ཉིན་ལྟར་ཞོགས་པ་ལས་རེས་མི་སྣས་སྒྲིག་ཆས་ཁག་དང་ཕུ་བླུག་སའི་ཁུལ་དུ་བདེ་འཇགས་སྐོར་གཡེང་ཞིབ་བཤེར་བྱས་ནས་དམིགས་བསལ་སྒྲིག་ཆས་དང་། བདེ་འཇགས་ཀྱི་ཞོར་གཏོགས་སྒྲིག་ཆས། མེ་ཟོན་སྒྲིག་ཆས་བཅས་ལ་དམིགས་ནས་སྐོར་གཡེང་ཞིབ་བཤེར་བྱེད་པ་དང་འབྲེལ།དུས་བཀག་ལྟར་མེ་ཟོན་བདེ་འཇགས་ནང་སྦྱོང་དང་དེ་བཞིན་འབར་གས་སྔོན་འགོག་གི་ནང་སྦྱོང་བྱས་ཏེ་ས་ཚིགས་ནང་གི་ལས་དོན་མི་སྣའི་འཕྲལ་སྡོམ་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་གཏོང་གི་ཡོད་ཅེས་བཤད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-03-21 6 6 拉萨日报藏文 c177972.html 1 སྟོད་ལུང་གངས་རི་འབར་རླངས་གསོག་འཇོག་ཚད་ཡོད་ཀུང་སིས་འབར་རླངས་བདེ་འཇགས་གྲལ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་དུས་བདེར་སྲུང་སྐྱོང་བྱས་པ། /enpproperty-->