分享按钮

རང་གྲོང་གིས་ཡུལ་སྐོར་ལས་རིགས་ཀྱི་ཚད་ལྡན་ཅན་གྱི་དོ་དམ་ཞབས་ཞུའི་ཆུ་ཚད་མཐོ་རུ་ཤུགས་ཆེན་བཏང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཕྱོགས་བསྡུས་བྱང་ཚད་མཐོ་བ་དང་ལས་སྒོའི་ནུས་པ་ཆེ་བའི་ཡུལ་སྐོར་བའི་དཔུང་ཁག་ཁག་གཅིག་མགྱོགས་མྱུར་གསོ་སྐྱོང་བྱ་ཆེད།ཟླ་3ཚེས་19ཉིན་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱི་2024ཡུལ་སྐོར་ལས་དོན་ཁང་གི་ཁེ་ལས་དོ་དམ་མི་སྣའི་དུས་ཐེངས་དང་པོའི་གསོ་སྦྱོང་འཛིན་གྲྭ་གཉེར་འགོ་ཚུགས་པ་དང་།ཡུལ་སྐོར་ལས་དོན་ཁང་གི་ཁེ་ལས་ཀྱི་དོ་དམ་མི་སྣ་30གསོ་སྦྱོང་ནང་ཞུགས་ཡོད་པ་རེད།

ད་ཐེངས་ཀྱི་གསོ་སྦྱོང་དུས་ཡུན་ཉིན་གཉིས་ཡིན་པ་དང་།ཡུལ་སྐོར་ཞུ་གཏུག་དང་ཆད་གཅོད་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཤེས་བྱ་དང་།ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ལས་དོན་ཁང་གི་ཞབས་ཞུ་ཚད་ལྡན།ཡུལ་སྐོར་བདེ་འཇགས་ཀྱི་འཕྲལ་སྡོམ་ཤེས་བྱ་སོགས་ཀྱི་ནང་དོན་ལ་དམིགས་ནས་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་རིགས་པའི་གཞུང་ལུགས་ཀྱི་སློབ་ཁྲིད་དང་ཞིབ་བསྡུར་སྤེལ་རེས་བྱས་ནས་རྒྱལ་སྤྱིའི་ཡུལ་སྐོར་གྱི་དམིགས་སའི་གྲོང་ཁྱེར་གཏོད་རྒྱུར་ཞབས་ཞུའི་ཤེས་ལྡན་མི་སྣའི་འགན་ལེན་བྱས་ཡོད།

ལས་ཞུགས་མི་སྣའི་འཐུས་མི་ཧྲི་ཙུང་ཧྥུས་བོད་ལ་དམིགས་བསལ་གྱི་རང་བྱུང་མཛེས་ལྗོངས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་ལྗོངས་ཡོད་མོད།འོན་ཀྱང་ཚད་ལྡན་ཅན་གྱི་ཞབས་ཞུའི་ཐད་ད་དུང་ལེགས་སུ་གཏོང་རྒྱུ་ཧ་ཅང་མང་པོ་ཡོད།དེར་བརྟེན་ངས་ད་ཐེངས་ཀྱི་སློབ་སྦྱོང་གི་གོ་སྐབས་ལ་གཅེས་སྤྲས་ཆེན་པོ་བྱས་ནས་ཤེས་བྱ་གསར་པ་དེ་བས་མང་བ་སློབ་སྦྱོང་དང་རང་ཉིད་ཀྱི་ལས་སྒོའི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་ནས་ལྷ་སའི་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་འབུལ་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ཉེ་བའི་ལོ་ཤས་རིང་།གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཡུལ་སྐོར་ལས་རིགས་གྲོང་ཁྱེར་ཡོངས་ཀྱི་ཀ་རྟེན་ཐོན་ལས་ཡིན་པའི་གནས་བབ་དེ་བས་མངོན་གསལ་དོད་དུ་ཕྱིན་པ་དེས་ཡུལ་སྐོར་ལས་དོན་མི་སྣར་དེ་བས་མཐོ་བའི་རེ་བ་བཏོན་ཡོད།འདི་ལོ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་2024ལོའི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བའི་ལོའི་འཆར་གཞི་བཟོས་ནས་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ལས་ཞུགས་མི་སྣའི་ནུས་པ་དང་ཞབས་ཞུའི་ཞན་ཆ་ཐག་གཅོད་བྱ་རྒྱུ་དང་།ཚད་གཞིའི་སྣེ་ཁྲིད་དང་དཔེ་སྟོན་གྱི་སྣེ་ཁྲིད་ལ་ཤུཊ་སྣོན་རྒྱག་པ།ཁྲོམ་རའི་བཟའ་བཅའ་དང་།སྡོད་གནས།འགྲོ་འོང་།ཡུལ་སྐོར།ཉོ་སྒྲུབ།སྤྲོ་སྐྱིད་བཅས་ཀྱི་ལྷུ་ཚིགས་ཁག་གི་ཞབས་ཞུའི་དོ་དམ་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་གངས་ལྗོངས་གནའ་གྲོང་དང་གནས་མཆོག་ལྷ་སའི་སྤུས་རྟགས་ཇེ་ལེགས་སུ་གཏོང་རྒྱུ་རེད།

གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་དབྱངས་ཅན་གྱིས་ད་ཐེངས་ཀྱི་གསོ་སྦྱོང་དམིགས་ཡུལ་ནི་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་ཡུལ་སྐོར་གཟུགས་བརྙན་བཟང་པོ་གཏོད་རྒྱུ་དེ་རེད།རྗེས་སུ་ང་ཚོས་ཁྱབ་ཁོངས་མི་འདྲ་བའི་རིགས་གཅིག་མཁས་ཅན་ཁག་དབྱེ་ནས་སློབ་ཁྲིད་བྱ་རྒྱུར་གདན་དྲངས་ཏེ་ཡུལ་སྐོར་ལས་རིགས་ཀྱི་གཉེར་སྐྱོང་དོ་དམ་ཆུ་ཚད་མཐོ་རུ་ནུས་ལྡན་གཏོང་རྒྱུ་ཡིན་ཞེས་བཤད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-03-21 6 6 拉萨日报藏文 c177971.html 1 རང་གྲོང་གིས་ཡུལ་སྐོར་ལས་རིགས་ཀྱི་ཚད་ལྡན་ཅན་གྱི་དོ་དམ་ཞབས་ཞུའི་ཆུ་ཚད་མཐོ་རུ་ཤུགས་ཆེན་བཏང་བ། /enpproperty-->