(པར་ངོས་དང་པོར་མཐུད)པར་འགྲེམས་བྱས་པ་རེད། 《བྱ་སྤྱོད་ཇུས་གཞིའི》ནང་ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ནང་ཞུགས་རྒྱུ་དང་ཀྲུང་གོའི་དཔལ་འབྱོར་དང་འཛམ་གླིང་གི་དཔལ་འབྱོར་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་མ་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས་ཕྱི་ཕྱོགས་ཀྱི་མ་དངུལ་འགུགས་ཐབས་དང་བེད་སྤྱོད་ཤུགས་ཆེན་བྱེད་པར་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། འཕྱུགས་མེད། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བཅས་བྱས་ཏེ་ཁྲོམ་ར་ཅན་དང་། ཁྲིམས་ལུགས་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་གཏོད་དེ་ཀྲུང་གོར་ཕྱི་ཕྱོགས་ཀྱི་མ་དངུལ་འཕེལ་རྒྱས་འགྲོ་བའི་ཡིད་ཆེས་བརྟན་དུ་གཏོང་དགོས།
《བྱ་སྤྱོད་ཇུས་གཞིའི》ནང་ཕྱོགས་ལྔའི་ཐད་ཀྱི་བྱ་ཐབས་24བཏོན་ཡོད་པ་སྟེ། གཅིག་ནས་ཚོང་རར་ཞུགས་འཐུས་རྒྱ་ཆེར་བཏང་ནས་ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པ་རང་དབང་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་དགོས། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་འཐུས་ཀྱི་བཀག་རྒྱའི་རྩིས་ཐོ་ལུགས་མཐུན་གྱིས་ཉུང་འཕྲི་དང་། ཚན་རྩལ་གསར་གཏོད་ཁྱབ་ཁོངས་སུ་ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་འཐུས་ཚོད་ལྟ་ལྷུག་ཏུ་གཏོང་བ། དངུལ་ཁང་གི་འགན་བཅོལ་ཁྱབ་ཁོངས་སུ་ཕྱི་རྒྱལ་གྱི་མ་དངུལ་དངུལ་རྩའི་སྒྲིག་གཞི་ཞུགས་འཐུས་རྒྱ་ཆེ་རུ་གཏོང་བ། ཕྱི་རྒྱལ་གྱི་མ་དངུལ་དངུལ་རྩའི་སྒྲིག་གཞི་རྒྱལ་ནང་གི་བུན་འཛིན་ཁྲོམ་རའི་ལས་སྒོའི་ཁྱབ་ཁོངས་ནང་ཞུགས་ཁྱོན་ཆེ་རུ་གཏོང་བ། ཚད་དང་མཐུན་པའི་ཕྱི་རྒྱལ་གྱི་ཚད་ཡོད་མཉམ་གཉེར་པས་རྒྱལ་ནང་དུ་མ་དངུལ་འཇོག་པའི་ཚོད་ལྟ་ལག་བསྟར་གཏིང་ཟབ་བཅས་བྱེད་དགོས། གཉིས་ནས་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པའི་འགུག་ཤུགས་ཆེ་རུ་གཏོང་དགོས།ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་བཞག་པའི་ཐོན་ལས་ཀྱི་དཀར་ཆག་དང་ཕྱི་རྒྱལ་གྱི་མ་དངུལ་བཞག་པའི་རྣམ་གྲངས་ཀྱི་ཞིབ་ཐོ་རྒྱ་བསྐྱེད་བཏང་སྟེ། ཁྲལ་བསྡུའི་རྒྱབ་སྐྱོར་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ནུས་པར་བརྟེན་ནས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། དབུས་ནུབ་རྒྱུད་དང་བྱང་ཤར་ས་ཁུལ་གྱིས་ཐོན་ལས་སྤོ་སྒྱུར་དང་ལེན་བྱེད་པར་རྒྱབ་སྐྱོར་བཅས་བྱེད་དགོས། གསུམ་ནས་འགྲན་རྩོད་དྲང་གཞག་གི་ཁོར་ཡུག་ལེགས་སུ་གཏོང་བ་དང་། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་བཞག་པའི་ཁེ་ལས་ལ་ཞབས་ཞུ་ལེགས་པར་བསྒྲུབ་དགོས། དྲང་གཞག་འགྲན་རྩོད་དང་འགལ་བའི་བྱ་སྤྱོད་དང་སྲིད་ཇུས་དང་བྱེད་ཐབས་གཙང་བཤེར་དང་། སུ་འཇོན་དེ་འགུགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཚད་གཞི་དང་ལམ་ལུགས་བཟོ་བཅོས་བྱེད་པར་དྲང་གཞག་ངང་ཞུགས་པ། སྲིད་འཛིན་ཁྲིམས་བསྟར་ཚན་རིག་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ། ཀྲུང་གོར་མ་དངུལ་འཇོག་པའི་སྤུས་རྟཊ་རྒྱུན་མཐུད་ངང་གཏོད་པ། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་བཞག་པའི་ཁེ་ལས་ལ་ཞབས་འདེགས་ཞུ་བར་ཤུཊ་སྣོན་རྒྱག་པ་བཅས་བྱེད་དགོས། བཞི་ནས་གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོ་འཁོར་རྒྱུག་ཤར་བགྲོད་ཐུབ་པར་བྱས་ཏེ་ཕྱི་ནང་གཉིས་ནས་མ་དངུལ་བཞག་པའི་ཁེ་ལས་ཀྱི་གསར་གཏོད་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་བཞག་པའི་ཁེ་ལས་དང་སྤྱི་ཁྱབ་པུའུ་ཡི་གཞི་གྲངས་འཁོར་རྒྱུག་བྱེད་པར་རྒྱབ་སྐྱོར་དང་། རྒྱལ་སྤྱིའི་ཚོང་དོན་མི་སྣ་འགྲོ་འོང་བྱེད་པར་སྟབས་བདེ་ཡོང་བར་བྱེད་པ། ཕྱི་རྒྱལ་གྱི་མི་སྣ་ཀྲུང་གོར་ལས་ཀ་དང་གནས་སྡོད་བྱེད་པར་ཆོག་འཐུས་དོ་དམ་ལེགས་སུ་གཏོང་བ། རྒྱལ་ཁབ་ཕྱི་ནང་གི་སྒྲིག་གཞིའི་མཉམ་ལས་གསར་གཏོད་ལ་རྒྱབ་སྐྱོར་བཅས་བྱེད་དགོས། ལྔ་ནས་རྒྱལ་ནང་གི་སྒྲིག་སྲོལ་ལམ་ལུཊ་འཐུས་ཚང་དུ་བཏང་སྟེ་རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་དང་འབྲེལ་མཐུད་སྔར་བས་ཡག་པོ་ཡོང་བར་བྱེད་དགོས། ཤེས་བྱའི་ཐོན་རྫས་བདག་དབང་ལ་སྲུང་སྐྱོང་བྱེད་ཤུཊ་ཆེ་རུ་གཏོང་བ་དང་། གཞི་གྲངས་རྒྱལ་ཁོངས་ལས་བརྒལ་བའི་འཁོར་སྐྱོད་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ། ཚད་གཞི་མཐོ་བའི་དཔལ་འབྱོར་ཉོ་འཚོང་གི་གྲོས་མཐུན་གྲོས་མོལ་དང་ལག་བསྟར་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་བ། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཉོ་ཚོང་གི་སྒྲིག་སྲོལ་དང་སྦྲེལ་མཐུད་བྱེད་པའི་ཚོད་ལྟ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས།
《བྱ་སྤྱོད་ཇུས་གཞིའི》ནང་བླང་བྱ་བཏོན་དོན། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་བཞག་པའི་ཁེ་ལས་ཀྱི་ཐོབ་ཚོར་ཆེ་རུ་ཏན་ཏིག་གཏོང་དགོས། ས་ཁུལ་ཁག་གིས་ཁོར་ཡུག་སྐྲུན་པ་དང་ཞབས་ཞུ་ལེགས་སུ་གཏོང་བའི་ཐད་འབད་བརྩོན་དེ་བས་ཆེ་བ་བྱས་ནས་ཕྱི་རྒྱལ་གྱི་ཚོང་པས་མ་རྩ་བཞག་པའི་ཁེ་ལས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་དངོས་ཚད་བརྒལ་བྱེད་སར་བྱས་ཏེ་གསར་གཏོད་རང་བཞིན་གྱི་བསམ་གཞིགས་ལ་བརྟེན་ནས་འགལ་ཟླ་དང་གནད་དོན་ཐག་གཅོད་བྱེད་མཁས་པོ་བྱེད་དགོས། སྡེ་ཚན་ཁག་གིས་ལས་འགན་ཁག་ཞིབ་ཚགས་དང་ཏན་ཏིག་ཅན་ལ་དམ་འཛིན་བྱས་ཏེ་དུས་ཚོད་ཀྱི་རེའུ་མིག་དང་ལས་ཀའི་གོ་རིམ་བཟོས་ནས་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་མཛུབ་ཁྲིད་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་སྲིད་ཇུས་ཁག་ལག་བསྟར་བྱས་འབྲས་ལ་རྗེས་འདེད་དཔྱད་དཔོག་བྱས་ནས་དུས་ཐོག་ཏུ་ཉམས་མྱོང་ཕྱོགས་སྡོམ་དང་འདྲ་བཟོ་ཁྱབ་གདལ་གཏོང་དགོས།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社