分享按钮

ཤའོ་ཡིའུ་ཚའེ་ཡིས་གནམ་མཚོའི་མཛེས་ལྗོངས་ཁུལ་དུ་བརྟག་ཞིབ་དང་བཞུགས་མོལ་གནང་སྐབས།

བསམ་བློ་སྔར་བས་གཅིག་གྱུར་དང་། ངོས་འཛིན་མཐོར་གཏོང་། ཕྱོགས་ཁག་གི་སྟོབས་ཤུགས་ལ་སྤྱི་འདོམས་དང་མཐུན་སྦྱོར། བཀོད་སྒྲིག་དང་ཇུས་འགོད་ལེགས་སུ་གཏོང་བ་བཅས་བྱས་ནས་གཉིས་ཁེ་གཉིས་ཕན་གྱིི་འཕེལ་རྒྱས་ཡོང་བར་བྱེད་དགོས་པའི་ནན་གསུངས་གནང་བ།

ཀྲོང་ཅིན་སུང་དང་། བསྟན་པ། ཝང་ཆང་བཅས་མཉམ་དུ་བརྟག་ཞིབ་བམ་བཞུཊ་མོལ་ཚོཊ་འདུར་ཞུཊ་པ།

ཟླ་3ཚེས་19ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གནམ་མཚོའི་མཛེས་ལྗོངས་ཁུལ་གྱི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་བཞུཊ་མོལ་ཚོཊ་འདུ་འཚོཊ་ཏེ་གནམ་མཚོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་དང་གསར་སྤེལ་གྱི་ལས་དོན་ལ་ཆེད་དོན་ཞིབ་འཇུག་གནང་ཞིང་། པར་འདི་ནི་ཤའོ་ཡིའུ་ཚའེ་ཡིས་གནམ་མཚོ་དེ་ཉིད་རྒྱལ་ཁབ་ཀྱི་5Aརིམ་པའི་མཛེས་ལྗོངས་ཁུལ་དུ་གཏོད་པའི་ལས་ཀའི་འཕེལ་རིམ་སོཊ་ཀྱི་གནས་ཚུལ་ལ་མཁྱེན་རྟོཊ་གནང་བཞིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་3ཚེས་19ཉིན།ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་གནམ་མཚོར་ཕེབས་ཏེ་མཚོ་སྐོར་མཛེས་ལྗོངས་ཁུལ་གྱི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་གནམ་མཚོའི་མཛེས་ལྗོངས་ཁུལ་ལ་སྲུང་སྐྱོང་དང་གསར་སྤེལ་གྱི་ལས་དོན་ལ་ཆེད་དོན་ཞིབ་འཇུག་གནང་བ་རེད། ཁོང་གིས་བསམ་བློ་སྔར་བས་གཅིག་གྱུར་དང་། ངོས་འཛིན་མཐོར་གཏོང་། ཕྱོགས་ཁག་གི་སྟོབས་ཤུགས་སྤྱི་འདོམས་དང་མཐུན་སྦྱོར། བཀོད་སྒྲིག་དང་ཇུས་འགོད་ལེགས་སུ་གཏོང་བ་བཅས་བྱས་ནས་གཉིས་ཁེ་གཉིས་ཕན་དང་ཕྱོགས་གཉིས་ཀར་རྒྱལ་ཁ་ཐོབ་ནས་འཕེལ་རྒྱས་ཡོང་བར་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

ནག་ཆུ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ནག་ཆུ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་བཅས་ཡིན་པའི་བསྟན་པ། ལྗོངས་འབྱུང་ཁམས་ཁོར་ཡུག་ཐིང་གི་ཐིང་ཀྲང་གཞོན་པ་ཟླ་བ། ལྗོངས་རིག་གནས་ཡུལ་སྐོར་ཐིང་གི་ཐིང་ཀྲང་གཞོན་པ་ཧྲེ་ཡུས་ཧུའེ། ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཐན་ཆིང་ཧྥུང་།དེ་བཞིན་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་བཅས་མཉམ་དུ་བརྟག་ཞིབ། (པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-03-21 ཀྲོང་ཅིན་སུང་དང་། བསྟན་པ། ཝང་ཆང་བཅས་མཉམ་དུ་བརྟག་ཞིབ་བམ་བཞུཊ་མོལ་ཚོཊ་འདུར་ཞུཊ་པ། ཤའོ་ཡིའུ་ཚའེ་ཡིས་གནམ་མཚོའི་མཛེས་ལྗོངས་ཁུལ་དུ་བརྟག་ཞིབ་དང་བཞུགས་མོལ་གནང་སྐབས། 6 6 拉萨日报藏文 c177966.html 1 བསམ་བློ་སྔར་བས་གཅིག་གྱུར་དང་། ངོས་འཛིན་མཐོར་གཏོང་། ཕྱོགས་ཁག་གི་སྟོབས་ཤུགས་ལ་སྤྱི་འདོམས་དང་མཐུན་སྦྱོར། བཀོད་སྒྲིག་དང་ཇུས་འགོད་ལེགས་སུ་གཏོང་བ་བཅས་བྱས་ནས་གཉིས་ཁེ་གཉིས་ཕན་གྱིི་འཕེལ་རྒྱས་ཡོང་བར་བྱེད་དགོས་པའི་ནན་གསུངས་གནང་བ། /enpproperty-->