ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།རང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ་དང་།ཚོང་འགུགས་མ་འདྲེན་ལས་དོན་ལ་ཞབས་འདེགས་ཞུ་བ།ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ།རྒྱུགས་སྤྲོད་སློབ་མའི་ཁྲིམས་མཐུན་ཁེ་དབང་འགན་ལེན་བཅས་བྱ་ཆེད།རང་སྐྱོང་ལྗོངས་ཀྱི་མོས་མཐུན་ཐོབ་པ་བརྒྱུད།《བོད་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་སློབ་གྲྭར་བསྡུའི་མིང་ཐོ་འགོད་པའི་ཆ་རྐྱེན་གྱི་གཏན་འབེབས》གཞིར་བཟུང་།ཉིན་ཤས་གོང་རང་ལྗོངས་ཀྱིས《ལྗོངས་ཡོངས་ཀྱི་ཚོང་འགུགས་མ་འདྲེན་ཁེ་ལས་ཀྱི་མ་འཇོག་པའི་བུ་ཕྲུག་རང་ལྗོངས་ཀྱི་མཐོ་རྒྱུགས་ནང་ཞུགས་རྒྱུའི་ཐོ་འགོད་སྔར་བས་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་པ་དང་།ཚོང་འགུགས་མ་འདྲེན་ཁེ་ལས་ཀྱི་མ་འཇོག་བྱེད་མཁན་གྱི་བུ་ཕྲུག་ལ་འབྲེལ་ཡོད་ཀྱི་ཆ་རྐྱེན་འཛོམས་ཚེ།རང་ལྗོངས་ཀྱི་མཐོ་རྒྱུགས་དཀྱུས་མའི་ནང་མིང་ཐོ་བཀོད་དེ་ཞུགས་ཆོག་གི་ཡོད་པ་རེད།
《བརྡ་ཐོའི》ནང་ཚོང་འགུགས་མ་འདྲེན་ཁེ་ལས་ཀྱི་མ་འཇོག་བྱེད་མཁན་གྱི་བུ་ཕྲུག་ལ་གཤམ་གསལ་གྱི་ཆ་རྐྱེན་འཛོམས་ཚེ་རང་ལྗོངས་ཀྱི་མཐོ་རྒྱུགས་དཀྱུས་མའི་ནང་ཞུགས་ཆོག་པ་སྟེ།(གཅིག)བརྡ་ཐོ་འདིའི་ནང་འཁོད་པའི་ཚོང་འགུགས་མ་འདྲེན་ཁེ་ལས་ཀྱི་མ་འཇོག་གཉེར་སྐྱོང་བྱེད་མཁན་ཞེས་པ་ནི།(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社