ཕུག་ལམ་ཤར་གཏོང་ཐུབ་པས་རྒྱ་མཚོ་སྒྲོལ་ནས་གྲོང་དུ་འབྱོར། ཟླ་3ཚེས་15ཉིན་ཀོང་ཀྲེན་མྱུར་བགྲོད་ལྕཊ་ལམ་ཀྲེན་ཅང་མཚོ་ཁུག་གི་མཚོ་གཏིང་ཕུག་ལམ་བདེ་བླག་ངང་ཤར་གཏོང་ཐུབ་ནས་རྒྱལ་ནང་གི་རྩེ་རྐྱང་མའི་སྔོག་འདོན་དང་བར་ཐག་རིང་ཤོས་ཀྱི་མཚོ་སྒྲོལ་མྱུར་བགྲོད་ལྕཊ་ལམ་གྱི་ཨར་ལས་ཀྱི་ཟིན་ཐོ་བཏོད་པ་རེད། མྱུར་བགྲོད་ལྕཊ་ལམ་ཤར་གཏོང་ཐུབ་རྗེས་ཀོང་ཀྲོའུ་དང་ཀྲེན་ཅང་གཙང་པོའི་གྲོང་ཁུལ་དབར་སྐར་མ་90ཡི་ནང་འབྱོར་ཐུབ་རྒྱུ་ཡིན་པ་རེད།
ཀའོ་ཞ་ཆུ་མཛོད་བསྐྲུན་པས། ཆུ་མཁོའི་ནུས་པ་ཆེ། ཟླ་3ཚེས་12ཉིན་མར་ཏིང་ཆུ་ཤུགས་གློག་ཁང་གི་འཕྲུལ་ཚན་གྱི་མྱུར་ཐལ་ཐོག་མའི་ཚོད་ལྟ་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་པ་རེད། ས་བབ་མཐོ་ཚད་སྨི་3300ཟིན་པའི་ཆུ་ཤུགས་གློག་ཁང་དེ་བསྐྲུན་རྗེས་ལོར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་73ལས་བརྒལ་ནས་ལོ་ལྟར་རྡོ་སོལ་ཏུན་ཁྲི་220གྲོན་ཆུང་ཐུབ་རྒྱུ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན། དཔལ་འབྱོར་བསྐྱར་འཕེལ་དང་བཟང་ཕྱོགས་སུ་འཕེལ་བའི་རྣམ་པ་མུ་མཐུད་སྲ་བརྟན་དང་ཇེ་ཆེར་གཏོང་བ་དང་། སྤྱི་ཚོགས་ཡོངས་ཀྱི་འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་ཆེར་གཏོང་དགོས་ན། ཐོག་མར་ཏང་ཡོན་ལས་བྱེད་པས་ཡིད་ཆེས་བརྟན་པོ་དང་དམ་པ་དོན་གཉེར་བྱ་དགོས། ཕན་ཡོད་ཀྱི་གོ་སྐབས་ཡོད་ཚད་ལ་དམ་འཛིན་དང་། མཐུན་རྐྱེན་ཡོད་ཚད་བེད་སྤྱོད་བྱས་ཏེ། སྒྲུབ་དགོས་ངེས་ཀྱི་ལས་དོན་དེ་ཡང་དག་བསྒྲུབ་རྒྱུར་དམ་འཛིན་བྱས་ནས་ཕྱོགས་གང་ཅིའི་ཐད་ཀྱི་ངར་ཤུགས་སྐུལ་སློང་བྱེད་དགོས། འདི་ལོའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང་ནུས་ལྡན་གྱི་མ་འཇོག་བྱེད་རྒྱ་ཆེ་རུ་ཧུར་ཐག་གཏོང་དགོས་པ་དང་། ཚན་རྩལ་གསར་གཏོད་དང་། རྨང་གཞིའི་སྒྲིག་བཀོད་གསར་པ། ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་། ཐཱན་ཉུང་གཏོང་བཅས་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ནས་དམངས་འཚོ་སོགས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཉམས་ཞན་ཁྱབ་ཁོངས་སུ་ཞན་ཆ་གསབ་དགོས་ཞེས་བཏོན་ཡོད།
མ་འཇོག་བརྟན་པོ་དང་། འཕེལ་རྒྱས་ལ་སྐུལ་འདེད། ཡིད་ཆེས་བརྟན་གཏོང་བཅས་བྱས་ནས་མིག་སྔར་ས་གནས་ཁག་གི་གལ་ཆེའི་ལས་གྲྭའི་རྣམ་གྲངས་ཁག་གཅིག་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་དཔལ་འབྱོར་བསྐྱར་འཕེལ་དང་ལེགས་སུ་འགྲོ་རྒྱུར་རྒྱུན་མཐུད་ཀྱི་སྒུལ་ཤུགས་བསྣན་ཡོད།
ཟླ་3ཚེས་18ཉིན་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་དང་པོ་ནས་གཉིས་པའི་བར་རྨང་གཞིའི་སྒྲིག་བཀོད་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས་བརྒྱ་ཆ་6.3འཕར་བ་དེ།ན་ནིང་གི་ལོ་ཧྲིལ་པོ་ལས་བརྒྱ་ཆའི་གྲངས་0.4ཡིས་མགྱོགས་པ་ཡོད་པ་དང་། སྤྱིའི་མ་འཇོག་སྒོར་དུང་ཕྱུར་དང་དེ་ཡན་གྱི་རྣམ་གྲངས་ལ་མ་འཇོག་ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས་བརྒྱ་ཆ་12.1འཕར་བ་དང་འཕར་ཚད་དེ་ན་ནིང་ལས་བརྒྱ་ཆའི་གྲངས་2.8མཐོ་རུ་ཕྱིན་ནས་རྣམ་གྲངས་ཆེ་གྲས་ཀྱི་སྐུལ་ཁྲིད་ཀྱི་ནུས་པ་མངོན་གསལ་དོད་པོ་ཡོད་པ་རེད།
རི་བོ་བརྒལ་ཞིང་རྒྱ་མཚོ་སྒྲོལ་བའི་ཟམ་པ་བསྐྲུན་ཏེ་འགྲིམ་འགྲུལ་འཛུགས་སྐྲུན་ལ་སྣེ་ཁྲིད་ལེགས་པོ་བྱས།
ཟླ་3ཚེས་16ཉིན་ཡུང་ཀྲོའུ་ལྕགས་ལམ་གྱི་ཕུའུ་ཁྲེ་མོན་ཀུང་ཐེ་གཉིས་སྤྱོད་ཟམ་ཆེན་དངོས་སུ་བསྐྲུན་འགོ་ཚུགས་པ་དེ་ཐོག་ནས།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社