分享按钮

རང་གྲོང་གིས་གྲོང་ཁྱེར་གྱི་ས་ཁང་བདག་ཁོངས་ཀྱི་མ་དངུལ་བསྡུ་སྒྲིལ་མཐུན་སྦྱོར་ལམ་སྲོལ་གྱི་དངུལ་བུན་བཏང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར་ཀྲུང་གོ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་གྲོང་ཁྱེར་གྱི་ས་ཁང་བདག་ཁོངས་ཀྱི་མ་དངུལ་བསྡུ་སྒྲིལ་མཐུན་སྦྱོར་ལམ་སྲོལ་དོན་འཁྱོལ་བྱེད་པའི“མིང་ཐོ་དཀར་པོའི”རྣམ་གྲངས་ཀྱི་དངུལ་བུན་གཏོང་ཡུལ་དུ་གན་རྒྱ་འཇོག་པའི་མཛད་སྒོ་འཚོགས་པ་དེ་ཐོག་ནས་ཀྲུང་གོ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་གྲོང་ཁྱེར་གྱི་ས་ཁང་བདག་ཁོངས་ཀྱི་མ་དངུལ་བསྡུ་སྒྲིལ་མཐུན་སྦྱོར་ལམ་སྲོལ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བ་མཚོན་ལ།རང་གྲོང་གིས་བཏང་བའི་གྲོང་ཁྱེར་གྱི་ས་ཁང་བདག་ཁོངས་ཀྱི་མ་དངུལ་བསྡུ་སྒྲིལ་མཐུན་སྦྱོར་ལམ་སྲོལ་གྱི་དངུལ་བུན་ཐོག་མ་དེ་ཡང་རེད།

དངུལ་རྩ་དང་ས་ཁང་ཐོན་ལས་འཁོར་རྒྱུག་བཟང་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་གྲོང་ཁྱེར་གྱི་ས་ཁང་ཐོན་ལས་ཀྱི་མ་དངུལ་བསྡུ་སྒྲིལ་མཐུན་སྦྱོར་ལམ་སྲོལ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་ཆེད།ཀྲུང་གོ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་སྡོད་ཁང་འཛུགས་སྐྲུན་སྡེ་ཚན་གྱིས་གཤམ་སྤེལ་བྱས་པའི་ཁག་དང་པོའི་མ་དངུལ་བསྡུ་སྒྲིལ་གྱི་རྣམ་གྲངས་24ཡི་མིང་ཐོའི་ནང་ཞུགས་རྗེས།ས་ཁང་ཐོན་ལས་ཀྱི་མ་དངུལ་བསྡུ་སྒྲིལ་མཐུན་སྦྱོར་ལས་དོན་ཚོགས་ཆུང་གི་ལམ་སྲོལ་མགྱོགས་མྱུར་ལག་ལེན་བསྟར་ཏེ།འཕྲལ་དུ་ས་ཁང་ཐོན་ལས་ཀྱི་མ་དངུལ་བསྡུ་སྒྲིལ་མཐུན་སྦྱོར་ལས་དོན་ཚོགས་ཆུང་བཙུགས་ནས།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-03-21 6 6 拉萨日报藏文 c177964.html 1 རང་གྲོང་གིས་གྲོང་ཁྱེར་གྱི་ས་ཁང་བདག་ཁོངས་ཀྱི་མ་དངུལ་བསྡུ་སྒྲིལ་མཐུན་སྦྱོར་ལམ་སྲོལ་གྱི་དངུལ་བུན་བཏང་བ། /enpproperty-->