分享按钮

རང་རྒྱལ་གྱིས་ལོ་20ཡི་རིང་རིམ་རྩིས་བྱས་ན་རླངས་འཁོར་ཚུར་བསྡུ་ཚད་དུང་ཕྱུར་1ལས་བརྒལ་བ།

ཚེས་12ཉིན་གསར་འགོད་པས་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། རང་རྒྱལ་གྱིས་སྐྱོན་ཡོད་པའི་རླངས་འཁོར་ཚུར་བསྡུ་བའི་ལམ་ལུགས་ལག་བསྟར་བྱས་ནས་ལོ་20ཕྱིན་ཡོད་པ་དང་། 2023ལོའི་ལོ་མཇུག་བར་རང་རྒྱལ་གྱིས་རིམ་རྩིས་བྱས་ན་རླངས་འཁོར་ཚུར་བསྡུ་བྱེད་ཐེངས་2842སྤྱད་ནས་གནད་དོན་ཡོད་པའི་རླངས་འཁོར་དུང་ཕྱུར་1.03ཚུར་བསྡུས་པ་རེད།

2023ལོར་རང་རྒྱལ་གྱིས་ཁྱོན་བསྡོམས་རླངས་འཁོར་ཚུར་བསྡུ་བྱེད་ཐེངས་214སྤྱད་ནས་གནད་དོན་ཡོད་པའི་རླངས་འཁོར་ཁྲི་672.8ཚུར་བསྡུས་པ་དེ་ལོ་གོང་མ་ལས་བརྒྱ་ཆ་4.9དང་བརྒྱ་ཆ་49.9འཕར་ཡོད།ཐེ་སི་ལ་རླངས་འཁོར་གྱི་བསམ་ཡུལ་ལས་འདས་པའི་མྱུར་ཚད་མགྱོགས་གཏོང་གི་གནད་དོན་ལ་དམིགས་ཏེ་རླངས་འཁོར་ཁྲི་110.5ཚུར་བསྡུས་ཡོད། 2023ལོར།ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་དང་འབྱུང་ཁམས་ཁོར་ཡུག་པུས་མཉམ་དུ་འཕྲུལ་སྒུལ་འཁོར་རིགས་ཚུར་བསྡུ་རྒྱུར་སྐུལ་འདེད་བཏང་ནས་ཐོན་སྐྱེད་བྱེད་མཁན་ལ་ལོ་ཧྲིལ་པོར་ཚུར་བསྡུ་ཐེངས་10བྱ་རྒྱུའི་སྐུལ་མ་བཏང་བས་གནད་དོན་ཡོད་པའི་རླངས་འཁོར་ཁྲི་181.1ཚུར་བསྡུས་པ་རེད།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་12ཉིན་གློག་འཕྲིན་འབྱོར་གསལ)

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-03-14 6 6 拉萨日报藏文 c177387.html 1 རང་རྒྱལ་གྱིས་ལོ་20ཡི་རིང་རིམ་རྩིས་བྱས་ན་རླངས་འཁོར་ཚུར་བསྡུ་ཚད་དུང་ཕྱུར་1ལས་བརྒལ་བ། /enpproperty-->