分享按钮

ཤའོ་ཡིའུ་ཚའེ་ཡིས་ལྷུན་གྲུབ་རྫོང་དུ་བརྟག་ཞིབ་གནང་བ།

(པར་ངོས་དང་པོར་མཐུད)ཆག་ལ་བརྒལ་རྗེས། ཤའོ་ཡིའུ་ཚའེ་ས་བབ་མཐོ་ཚད་སྨི་4200ཟིན་པའི་ཐང་མགོ་ཤང་དུ་ཕེབས་ཏེ་གཞི་རིམ་ལས་བྱེད་པ་དང་དགོན་སྡེའི་དགེ་འདུན་པ་ཚོར་འཚམས་འདྲི་ཞུས་པ་དང་འབྲེལ་ཚང་མ་དང་མཉམ་དུ་བཞུགས་མོལ་སྤེལ་རེས་ཀྱང་གནང་བ་རེད། ཐང་མགོ་ཤང་གི་རྒྱ་ཆེའི་གཞི་རིམ་ལས་བྱེད་པས་གསོ་རླུང་ཉུང་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། ས་བབ་མཐོ་ཡང་བསམ་པའི་གོ་རྟོགས་དེ་བས་མཐོ་བ་བཅས་ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་བྱ་སྤྱོད་ཆེན་པོ་རྒྱུན་འཁྱོངས་ལྷོད་མེད་ངང་སྤེལ་བ་དང་ནུས་ཤུགས་ཡོད་རྒུས་བརྟན་ལྷིང་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ། དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱས་ཏེ་སེམས་ནུས་གཅིག་སྒྲིལ་གྱིས་དམ་འཛིན་ངོ་མ་དང་། དམ་འཛིན་ཡག་པོ། ཕན་འབྲས་ཐོན་པ་བཅས་བྱེད་དགོས་ཞེས་གསུངས། ཁོང་གིས་རྭ་སྒྲེང་དགོན་པ་དང་རྭ་སྒྲེང་སྤྲུལ་སྐུ་གཉིས་ལ་སྔར་ནས་བཟུང་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་ཡོད། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་དང་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་ནུས་པ་ཐོན་པ་བཅས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་དཔུང་ཁག་ཅིག་མགྱོགས་མྱུར་གསོ་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།

དེ་རྗེས། ཤའོ་ཡིའུ་ཚའེ་ཡིས་ལྷུན་གྲུབ་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ལས་དོན་སྙན་ཞུར་གསན་པ་དང་། ཁོང་གིས་ནན་གསུངས་གནང་དོན།ལྷུན་གྲུབ་རྫོང་ལ་ཐུན་མོང་མ་ཡིན་པའི་ས་བབ་ཀྱི་དགེ་མཚན་དང་། ཐོན་ཁུངས་ཀྱི་སྤུས་ཚད། ཐོན་ལས་ཀྱི་རྨང་གཞི་བཅས་ཡོད་པས་མདུན་ལམ་རྒྱ་ཆེན་པོ་ཡོད།དེར་བརྟེན་ངེས་པར་དུ་གོ་སྐབས་དམ་འཛིན་དང་། འགག་སྒྲོལ་དཀའ་སེལ། བབ་བསྟུན་འཕྲལ་སྒྲུབ་བཅས་བྱས་ཏེ་དགེ་མཚན་དེ་བས་མང་བ་དང་དེ་བས་ལེགས་པའི་སྒོ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཏུ་འགྱུར་བར་བརྩོན་ལེན་བྱེད་དགོས།

བསམ་གཞི་སྔར་བས་ཁ་གསལ་བཟོ་དགོས། འཐབ་ཇུས་ཀྱི་བསམ་བློར་ཤུགས་སྣོན་རྒྱག་པ་དང་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ་ཇུས་འགོད་དང་བབ་བསྟུན་དང་། མིག་སྔ་དང་འབྱུང་འགྱུར་བཅས་དོན་གཉེར་གཅིག་གྱུར་ཡོང་བར་བྱས་ནས་ད་ལོའི་ལས་དོན་གང་ཞིག་སྒྲུབ་པ་དང་ཇི་ལྟར་སྒྲུབ་པ་གསལ་པོ་ཡོང་བར་བྱེད་དགོས་ལ་སླད་ཕྱིན་གྱི་དུས་སྐབས་ཤིག་རིང་གི་འཕེལ་རྒྱས་གང་འདྲ་ཞིག་དང་འཕེལ་རྒྱས་ཇི་ལྟར་གཏོང་བ་གསལ་པོ་ཡོང་བར་བྱས་ནས་རྫོང་ཡོངས་ཀྱི་འཕེལ་རྒྱས་ཀྱི་ངེས་གནས་དེ་བས་ཁ་གསལ་དང་འཕེལ་རྒྱས་ཀྱི་ཐབས་ལམ་དེ་བས་ཁ་གསལ་ཡོང་བར་འགན་ལེན་བྱེད་དགོས།

གཙོ་གནད་སྔར་བས་འབུར་དུ་ཐོན་པར་བྱ་དགོས། བརྟན་ལྷིང་གི་གཙོ་གནད་དེ་བས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ཉེན་བརྡ་རྒྱུན་གཏོང་དང་དོགས་ཟོན་རྟག་ཏུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལྷོད་གཡེང་གི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་དོན་འཁྱོལ་ཞིབ་ཕྲ་དང་དོན་འཁྱོལ་ཏན་ཏིག་ཡོང་བར་བྱ་དགོས། གཙོ་གནད་ཐོན་ལས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ“ཐོན་ལས་མེད་ན་འཕེལ་རྒྱས་མེད”ཅེས་པའི་འདུ་ཤེས་བརྟན་པོར་བཙུགས་ནས་ཞིང་འབྲོག་གི་ཁྱད་ཆོས་དང་། ལྷད་མེད་བཟོ་ལས། འབྱུང་ཁམས་སྲུང་སྐྱོང་། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་སོགས་དགེ་མཚན་ལྡན་པའི་ཐོན་ལས་ལ་དམིགས་ཏེ་ཐོན་ལས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ་དང་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་ལྷུན་གྲུབ་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་ཀྱི་མ་ལག་མགྱོགས་མྱུར་བསྐྲུན་དགོས།

དམངས་འཚོ་སྔར་བས་ལེགས་སུ་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་ཐབས་བརྒྱ་ཇུས་སྟོང་ངང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ་དང་། བརྩེ་སེམས་ལ་བརྟེན་ནས་ལས་བྱེད་པ་དང་ལས་བཟོ་བར་སེམས་ཁུར་དང་གཅེས་སྐྱོང་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་བྱ་སྤྱོད་གཏིང་ཟབ་སྤེལ་བ། “མི་ཕྱུགས་ལོགས་འབྱེད”ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཁྲིམས་མཐུན་ལུགས་མཐུན་གྱི་རེ་ཞུ་དུས་ཐོག་ཏུ་ཐག་གཅོད་བྱེད་པ་སོགས་མིག་མཐོང་ལག་ཟིན་གྱི་བྱ་བ་དངོས་དང་བྱ་བ་བཟང་པོ་བསྒྲུབས་པར་བརྟེན་ནས་མང་ཚོགས་ཀྱི་ཡིད་ཆེས་དང་བརྩི་བཀུར་ཐོབ་པར་བྱེད་དགོས་པ་དང་།ཏང་དང་སྲིད་གཞུང་གི་གཟུགས་བརྙན་བཟང་པོ་ཞིག་གཏོད་དགོས།

ཏང་འཛུགས་སྐྱོང་ཐད་སྔར་བས་དམ་འཛིན་ཡག་པོ་བྱ་དགོས། ཏང་འཛུགས་སྐྱོང་གི་མཆོག་ནོར་གལ་ཆེན་དེ་བེད་སྤྱོད་ཡག་པོ་བྱས་ནས་རྒྱུན་འཁྱོངས་ལྷོད་མེད་ངང་གཞི་རིམ་ཏང་རྩ་འཛུགས་སྟོབས་ཆེར་གཏོང་བ་དང་། ལམ་ལུགས་དང་ལམ་སྲོལ་འཛུགས་སྐྱོང་འཐུས་ཚང་དུ་གཏོང་བ། ཏང་ཡོན་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱེད་པ། གཞི་རིམ་བཅོས་སྐྱོང་གི་ཞན་ཆ་དང་མི་འདང་ས་གང་མགྱོགས་གསབ་པ། གཞི་རིམ་བཅོས་སྐྱོང་གི“མཐའ་མའི་འགག་གནད”ཕྱོགས་ཡོངས་ནས་ཤར་གཏོང་ཐུབ་པ་བཅས་བྱེད་དགོས།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-03-14 6 6 拉萨日报藏文 c177386.html 1 ཤའོ་ཡིའུ་ཚའེ་ཡིས་ལྷུན་གྲུབ་རྫོང་དུ་བརྟག་ཞིབ་གནང་བ། /enpproperty-->