分享按钮

(པར་ངོས་དང་པོར་མཐུད)སྡེ་ཚན་ཁག་གིས་བསམ་བློ་དང་བྱ་སྤྱོད་གྲོང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ནས་ངར་སེམས་འཕེལ་བ་དང་། སྙིང་སྟོབས་ཆེར་སྐྱེད། ཏན་ཏིག་སྒྲུབ་པ། ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པ་བཅས་བྱེད་དགོས་པ་དང་།དེ་བས་ནུས་ལྡན་གྱི་བྱ་ཐབས་དང་བྱ་སྤྱོད་ཐོག་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་དེ་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་བཏང་ནས་ཕན་འབྲས་དངོས་ཐོན་པར་བྱེད་དགོས་ཞེས་བསྟན་ཡོད།

ཀྲའོ་ཧུའེ་ཉན་གྱིས་འཛུགས་སྐྲུན་གྱི་གད་སྙིགས་བཅོས་སྒྲིག་ཡག་པོ་བྱ་རྒྱུ་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོ་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་བའི་གལ་ཆེའི་ནང་གི་འགངས་ཆེ་ཞིག་རེད། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་བ་དང་བསམ་བློའི་ངོས་འཛིན་གཅིག་གྱུར་ཡོང་བར་བྱས་ནས་ཆོད་སེམས་ཆེ་ཤོས་དང་། ཚད་གཞི་མཐོ་ཤོས། བྱ་ཐབས་ནན་ཤོས། མྱུར་ཚད་མགྱོགས་ཤོས་བཅས་ཀྱི་སྒོ་ནས་བཟོ་སྐྲུན་གྱི་གད་སྙིགས་བཅོས་སྒྲིག་གི་བྱ་སྤྱོད་ཡག་པོ་སྤེལ་དགོས་པ་དང་། ལས་བགོས་ཁ་གསལ་དང་། མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན། དོ་དམ་ནན་པོ། ཞིབ་བཤེར་ནན་པོ། བཅོས་སྒྲིག་ནན་པོ་བཅས་བྱས་ཏེ།ཨར་སྐྲུན་གྱི་གད་སྙིགས་སྒྲིག་འགལ་ངང་ཐག་གཅོད་བྱེད་པའི་བྱ་སྤྱོད་ཐོན་རྒྱུ་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས་པ། ཚན་རིག་དང་མཐུན་པའི་འཆར་འགོད་བྱས་ནས་འཛུགས་སྐྲུན་གྱི་སྒྲིག་ཆས་གསར་པ་བཟོས་ཏེ་ཨར་སྐྲུན་གྱི་གད་སྙིགས་ཐག་གཅོད་སྔར་བས་ཚད་ལྡན་ཡོང་བར་བྱེད་དགོས་པ། དཔེ་སྟོན་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ལྕག་སྐུལ་གྱི་བྱ་ཐབས་འཚོལ་ཞིབ་བྱས་ནས་འདོན་པ། ཁེ་ལས་ཀྱི་མ་འཇོག་ལ་ལྕག་སྐུལ་གཏོང་བ། ཨར་སྐྲུན་གྱི་གད་སྙིགས་རིགས་དབྱེ་དང་བསྐྱར་དུ་ལས་སྣོན་སོགས་བྱས་ནས་གད་སྙིགས་ཕན་ཡོད་དུ་འགྱུར་བར་བྱེད་དགོས་པ། གླེང་ཕྱོགས་ཀྱི་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་སྐྱོང་ཅན་གྱིས་ཁྲིད་སྟོན་བྱེད་པ་དང་བཅོས་སྒྲིག་གི་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས་ཞེས་ནན་གསུངས་གནང་ཡོད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-03-14 6 6 拉萨日报藏文 c177385.html 1 /enpproperty-->