分享按钮

ལྷ་སའི་འགག་སྒོས་ནེ་པ་ལའི་ཇ་བོད་ལྗོངས་སུ་ནང་འདྲེན་བྱ་རྒྱུར་རོགས་རམ་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར། གསར་འགོད་པས་ལྷ་སའི་འགག་སྒོ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ནེ་པ་ལའི་ཇ་ཁག་གཅིག་མཐའ་མཚམས་མང་ཚོགས་ཀྱི་ཉོ་འཚོང་ཐབས་ལམ་བརྒྱུད་སྐྱིད་གྲོང་འགག་སྒོར་བདེ་བླག་ངང་ནང་འདྲེན་བྱས་པ་དང་།དེ་ནི་རང་ལྗོངས་ཀྱིས་སྐམ་སའི་འགག་སྒོ་བརྒྱུད་ནེ་པ་ལའི་ཇ་ནང་འདྲེན་བྱེད་ཐེངས་དང་པོ་དེ་ཡིན་པ་རེད།

ནེ་པ་ལའི་ཇ་བདེ་བླག་ངང་ནང་འདྲེན་བྱ་རྒྱུར་འགན་ལེན་བྱ་ཆེད། ལྷ་སའི་འགག་སྒོའི་ཁོངས་གཏོགས་སྐྱིད་གྲོང་འགག་སྒོས་རང་འགུལ་ངང་གཅིག་གཏད་གཅིག་གི་སྲིད་ཇུས་སྒྲོག་འགྲེལ་བྱས་པ་དང་། ཆེད་བསྐོས་མི་སྣས་མཐའ་མཚམས་མང་ཚོགས་ལ་སྲིད་ཇུས་དྲིལ་བསྒྲགས་དང་ལས་སྒོའི་གསོ་སྦྱོང་བྱས་པ། ནང་འདྲེན་བྱས་པའི་ཇའི་ནད་ཡམས་ཞིབ་བཤེར་བླང་བྱ་དང་ནང་འདྲེན་གྱི་བརྒྱུད་རིམ་གསལ་འགྲེལ་བྱས་པ། སྔ་སྣུར་དུ་ཞིབ་དཔྱད་ཚད་ལེན་སྒྲིག་གཞི་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་གྲོས་མོལ་བྱས་ནས་ཤར་གཏོང་བགྲོད་ལམ་བཏོད་དེ།སྙན་སེང་ཞུས་པ་འཕྲལ་མར་ཞིབ་བཤེར་ཐུབ་པ་དང་ཞིབ་དཔྱད་ཚད་ལེན་བྱེད་ཡུན་དེ་སྔའི་བཟའ་བཅའི་མ་དཔེ་ལས་བརྒྱ་ཆ་50ཐུང་དུ་བཏང་ཡོད། བཟའ་བཅའི་བདེ་འཇགས་ཀྱི་ཆེས་ནན་ཤོས་བཞི་དོན་འཁྱོལ་ནན་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཕན་འབྲས་ཆེ་བའི་ལྟ་སྐུལ་དོ་དམ་དང་སྟབས་བདེའི་མང་ཚོགས་མཉམ་འདྲེས་ཐུབ་པར་བྱས་ནས་མཐའ་མཚམས་མང་ཚོགས་ཀྱི་ཐོབ་སྣང་ཆེ་རུ་བཏང་ཡོད།

ལྷ་སའི་འགག་སྒོའི་ཁོངས་གཏོགས་ཀྱི་སྐྱིད་གྲོང་འགག་སྒོའི་འགན་འཁུར་བས་ཕྱི་ཕྱོགས་ཚོང་དོན་ཞབས་ཞུའི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་དང་ལྟ་སྐུལ་དོ་དམ་གྱི་བྱ་ཐབས་ལེགས་སུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མཐའ་མཚམས་མང་ཚོགས་ལ་མུ་མཐུད་སྒུལ་ཤུགས་གསར་པ་བསྣན་ནས་ཕྱི་ཕྱོགས་ཚོང་དོན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མྱུར་ཚད་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།

ཚོང་དུད་མིག་དམར་ཚེ་རིང་གིས་རྒྱལ་ཁབ་ཀྱི་མཐའ་མཚམས་མང་ཚོགས་ཀྱི་ཉོ་འཚོང་སྲིད་ཇུས་བརྒྱུད་ང་ཚོ་རང་ཁྱིམ་གྱི་སྒོ་རྩར་ལས་ཞུཊ་ཐུབ་པ་དང་འཚོ་བ་ཉིན་རེ་ལས་མ་འདས་པར་ལེཊ་སུ་ཕྱིན་ཡོད་ཅེས་བཤད། (ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-03-14 6 6 拉萨日报藏文 c177382.html 1 ལྷ་སའི་འགག་སྒོས་ནེ་པ་ལའི་ཇ་བོད་ལྗོངས་སུ་ནང་འདྲེན་བྱ་རྒྱུར་རོགས་རམ་བྱས་པ། /enpproperty-->