分享按钮

བརྒྱད་གཅིག་ཁྲོམ་གཞུང་རྒྱ་མཚོ་སྡེ་ཁུལ་གྱིས་དྲ་མིག་ཅན་གྱི་འཕྲོད་བསྟེན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཁྲེང་ཀོན་ཆུས་བརྒྱད་གཅིག་ཁྲོམ་གཞུང་རྒྱ་མཚོ་སྡེ་ཁུལ་གྱིས་དྲ་མིག་ཅན་གྱི་ཆེད་དོན་སྐོར་ཞིབ་བྱེད་རིང་ཁོངས་གཏོཊ་ཁུལ་གྱི་བོད་ལྗོངས་མགྲོན་ཁང་གི་འཚོ་བའི་ཁུལ་གྱི་ཁོར་ཡུག་བཙོག་ཟིང་ཞན་གསུམ་གྱི་གནད་དོན་ཤེས་རྟོགས་བྱུང་རྗེས་འཕྲལ་མར་གཉིས་ལྡན་དུད་སྦྲེལ་གྱི་འཐུས་མི་དང་དེ་བཞིན་མགྲོན་ཁང་གི་ལས་དོན་མི་སྣ་30ལྷག་ཙམ་སྒྲིག་འཛུཊ་བྱས་ནས་འཕྲོད་བསྟེན་བཅོས་སྒྲིག་གི་བྱེད་སྒོ་སྤེལ་བ་རེད།

ཡུལ་དངོས་སུ་ཚང་མས་ལག་ཏུ་ལྕགས་ཁྱེམ་དང་ཟོར་བ་སོགས་ལག་ཆ་ཁྱེར་ནས་ཁུག་ཀྱོག་མ་ལུས་པར་གཙང་སྦྲ་བྱས་ཏེ།ཁུལ་ཆུང་གི་སྒོ་རའི་རྒྱབ་ཀྱི་མེ་ཏོག་ལྡུམ་རའི་ནང་གི་རྩྭ་ལྡུམ་དང་གང་སར་སྦས་པའི་གད་སྙིགས་གཙང་སེལ་མཐའ་གཅིག་ཏུ་བྱས་པ་དང་སྦྲཊ། བར་ཁྱམས་ནང་བཞག་པའི་དངོས་པོ་ཙག་ཙིག་གཙང་སེལ་བྱས་པ་རེད། ཚང་མས་ཉིན་ཕྱེད་འབད་བརྩོན་བྱས་པ་བརྒྱུད་གསར་རྐྱང་གི་འཚོ་བའི་ཁོར་ཡུག་ཅིག་བཏོད་ཡོད་པ་རེད།

བོད་ལྗོངས་མགྲོན་ཁང་གི་ཏང་དང་མང་ཚོགས་མི་ཤུགས་ཐོན་ཁུངས་པུའི་ཀྲུའུ་རེན་བཀྲ་ཤིས་རྡོ་རྗེས་ང་ཚོས་རྒྱ་མཚོ་སྡེ་ཁུལ་གྱི་འབྲེལ་ཡོད་ལས་ཀའི་བླང་བྱ་ལྟར། ལས་ཐོག་ཏང་ཡོན་དང་རྒྱབ་ཕྱོགས་མཁོ་སྒྲུབ་མི་སྣ་སྒྲིག་འཛུགས་བྱས་ཏེ།མགྲོན་ཁང་གི་ཉེ་འཁོར་དང་ལྷག་པར་དུ་འཚོ་བའི་ཁུལ་དུ་ཡུན་རིང་གནས་པའི་བཙོག་ཟིང་ཞན་གསུམ་གྱི་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱས་ནས་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་ལ་དགོས་ངེས་ཀྱི་ལེཊ་སྐྱེས་ཕུལ་ཡོད་ཅེས་བཤད།

ཕྱིས་འབྱུང་།རྒྱ་མཚོ་སྡེ་ཁུལ་གྱིས་དྲ་མིག་ཅན་གྱི་དོ་དམ་ལ་བརྟེན་ནས་དྲ་མིག་ཚན་པ་ཁག་ཏུ་བསྐྱོད་དེ་དངོས་པོ་ཙག་ཙིག་གང་བྱུང་དུ་སྤུངས་པ་དང་།རླངས་འཁོར་གང་བྱུང་དུ་འཇོག་པ་སོགས་ཚུལ་མིན་གྱི་བྱ་སྤྱོད་ལ་གཙོ་གནད་ཐོག་གྲལ་བཤེར་བྱས་ནས་རང་གྲོང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་ཀྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ།མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་གི་ནུས་པ་ཆེ་རུ་ཧུར་ཐག་བཏང་བ་དང་།གནས་སྡོད་ལ་འཚམ་པའི་མཛེས་སྡུག་ལྡན་པའི་སྡེ་ཁུལ་གཏོད་རྒྱུ་རེད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-03-14 6 6 拉萨日报藏文 c177380.html 1 བརྒྱད་གཅིག་ཁྲོམ་གཞུང་རྒྱ་མཚོ་སྡེ་ཁུལ་གྱིས་དྲ་མིག་ཅན་གྱི་འཕྲོད་བསྟེན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ། /enpproperty-->