分享按钮

(པར་ངོས་དང་པོར་མཐུད)ཕྲུ་གུས་རང་བྱུང་ཁམས་ལ་བཅངས་པའི་བརྩེ་བ་དེ་ལྷད་མེད་པ་ཞིག་ཆགས་ཀྱི་ཡོད། རང་ཉིད་དང་ལོ་བདུན་ལ་སླེབས་པའི་བུ་མོས་མཉམ་དུ་ཤིང་པད་མ་བཙུགས་ཡོད། དེ་ནི་དོན་སྙིང་ཆེན་པོ་ལྡན་པའི་བྱ་བ་ཞིག་རེད་ཅེས་བཤད།

ལེ་དབར་སྟོང་གི་ཕྱི་རོལ་དུ་ཡོད་པའི་བྱང་གསུམ་ས་ཁུལ་དང་། བྱང་གསུམ་ལས་གྲྭའི་མཚོན་རྟགས་རང་བཞིན་གྱི་གཡུལ་འགྱེད་ཆེན་པོ་གསུམ་སྔ་ས་ནས་བརྒྱབ་ཟིན་ཡོད། ནང་སོག་ཀུའུ་པ་ཡན་ནོའར་གྲོང་ཁྱེར་ལིན་ཧོ་ཆུས་རྒྱལ་གཉེར་ཤིན་ཧྭ་ནགས་རའི་བཟོ་པ་ཚོས་དཔྱིད་དུས་ཀྱི་ནགས་གསོའི་གྲ་སྒྲིག་ལས་དོན་སྒྲུབ་བཞིན་ཡོད། ནགས་རའི་འགོ་ཁྲིད་གཞོན་པ་ཀྲེན་ཀེ་ཝུན་པིན་གྱིས་ད་ལོར་ནགས་གསོ་མུའུ་ཁྲི་ཙམ་བྱས་ཏེ་མུའུ་500ཟིན་པའི་འགན་ལེན་རང་བཞིན་གྱི་སྡོང་ཕྲུག་ར་བ་བསྐྲུན་རྒྱུ་ཡིན་ཞེས་བཤད།

རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་བྱང་གསུམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་མིག་སྔའི་བྱང་གསུམ་ལས་གྲྭའི་འགག་སྒྲོལ་དམག་འཐབ་འགོ་ཡག་པོ་བཙུགས་ཐུབ་ཡོད། འབྱུང་འགྱུར་གྱི་འདུ་འགོད་ལ་ཇུས་འགོད་དང་ཕྱོགས་བསྡུས་བཅོས་སྒྲིག་བྱེད་དགོས་པར་མ་ཟད། ད་དུང་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུར་དེ་བས་སྣང་ཆེན་བྱས་ནས་ལྗང་མདོག་མང་དུ་གཏོང་རྒྱུ་དང་སྤུས་ཀ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད་ཅེས་བཤད།

ཉེ་བའི་ལོ་ཤས་རིང་། ཆུ་མཛོད་དང་། དངུལ་མཛོད། འབྲུ་རིགས་མཛོད། ཐཱན་མཛོད་བཅས་ཡིན་པའི་ནགས་ཚལ་གྱི་གལ་ཆེའི་རང་བཞིན་སྔར་བས་མི་སེམས་སུ་འཇགས་ཡོད། དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་པའི་དུས་བཟང་འདི་ནི། ཤིང་འཛུགས་ནགས་བཟོའི་ལས་ལ་བྲེལ་བཞིན་པའི་མི་རྣམས་ལ་དབང་བ་ཞིག་ཡིན་པར་མ་ཟད། ཕུགས་འདུན་ཡིད་ལ་བཅངས་པའི་ནགས་ཚལ་གཉེར་སྐྱོང་བ་དང་ནགས་ལས་ཚན་རིག་ཞིབ་འཇུག་པ་རྣམས་ལ་དབང་བ་ཞིག་ཀྱང་རེད།

ཞོགས་པར་ཀྲེ་ཅང་ཧང་ཀྲོའུ་གྲོང་ཁྱེར་ཁྲོན་ཨན་རྫོང་ཆན་ཏའོ་མཚེའུ་ཡི་ནགས་རའི་མུ་ཏིག་ཕྱེད་གླིང་རྟེན་གཞིའི་ཐོག་གསོམ་སྡོང་སོགས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཤིང་རིགས་སྣ་ཚོགས་སྐྱེ་མཚར་ཡག་པོ་བྱུང་ཡོད།

དེ་ནི་ཀྲུང་གོའི་ནགས་ལས་ཚན་རྩལ་ཁང་གི་ཚ་བའི་ཡུལ་གྱི་རྩེ་ཤིང་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཀྲང་ཅིན་ཕིང་གི་ཚོགས་པས་ལོ་མང་རིང་འཚོལ་ཞིབ་ཞིབ་ཚགས་བྱས་པའི་ནགས་ཚལ་ལ་བརྟེན་ནས་ཡལ་འདབ་དང་སྡོང་ཕྲན་གསོ་བ་སོགས་ནགས་འོག་གི་ཟོག་རོ་གསོ་སྤེལ་བྱེད་པའི་ནོར་བུ་ཞིག་རེད། ཀྲང་ཅིན་ཕིང་གིས་སྐྱེ་འཚར་གྱི་ཁོར་ཡུག་ཡག་པོ་ཡོད་སྟབས་ཁྲོམ་རའི་དགའ་བསུ་ཆེན་པོ་ཐོབ་ཡོད་ཅེས་བཤད་པ་དང་། ཁོང་གིས་ང་ཚོས་ཞིབ་འཇུག་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་སྤུས་ཚད་དེ་བས་མཐོ་བའི་ནགས་ཚལ་གྱི་བཟའ་བཅའ་རྒྱུན་ཆད་མེད་པར་སྔོག་འདོན་དང་སྐྱེད་སྲིང་བྱེད་པ་དང་། ཚན་རྩལ་སྟོབས་ཤུགས་ལ་བརྟེན་ནས་ནགས་ཚལ་ལས་ཞིང་པར་འབབ་འཕར་ཕྱུག་འགྱུར་ཡོང་རོགས་བྱས་ཏེ། ནགས་ཚལ་ཐོན་ལས་འདི་ཉིད་དེ་བས་རིན་ཐང་ལྡན་པའི་ལྗང་མདོག་ཐོན་ལས་ཆེན་པོར་འགྱུར་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན་ཞེས་བཤད།

དཔྱིད་རླུང་བསིལ་བསིལ་དུ་ལྡང་བ་དང་བསྟུན་ནས་རི་ཀླུང་ཀུན་ལ་ལྗང་མདོག་གི་ན་བཟས་ཡོངས་སུ་བཀླུབས་ཡོད།

རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་2024ལོར་རང་རྒྱལ་གྱིས་གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་མུ་མཐུད་སྤེལ་ནས་གཙོ་གནད་ལ་དམིགས་པ་དང་། གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ནུས་ཤུགས་ཡོད་རྒུ་འདོན་པ་བཅས་བྱས་ཏེ། མཛེས་སྡུག་ལྡན་པའི་ཀྲུང་གོའི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་པོ་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་བཤད།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་12ཉིན་འབྱོར་བའི་གློག་འཕྲིན)

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-03-14 6 6 拉萨日报藏文 c177378.html 1 /enpproperty-->