(པར་ངོས་དང་པོར་མཐུད)སྔོ་འགྱུར་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་12366 སློབ་ཁྲིད་ཐོག་ཁང་གི་རྒྱ་ཁྱོན་ལ་སྨི་ངོས་གྲུ་5371བཅས་ཡོད་པས། ཁྱོན་འཛིན་གྲྭ་36དང་སློབ་མ་1620ཆུད་ཐུབ། མིག་སྔར་སྒྲོམ་གཞི་གཙོ་བོ་ཚང་མ་བསྐྲུན་ཟིན་ནས་མཛེས་བཟོ་བྱེད་པའི་དུས་མཚམས་སུ་སླེབས་ཡོད་ཅེས་བཤད།
གསར་འགོད་པས་དངོས་སུ་མཐོང་བར་གཞིགས་ན། སློབ་གྲྭའི་ནང་། སློབ་ཁྲིད་ཐོག་ཁང་ཕུད་ད་དུང་ཕྱོགས་བསྡུས་ཐོག་ཁང་དང་། ཟ་ཁང་། ལུས་རྩལ་ཐང་། གཟིགས་སྟེགས་སོགས་ཡོད་ཅིང་། ཕྱོགས་བསྡུས་ཐོག་ཁང་ནང་དུ་ཚན་རིག་སློབ་ཁང་དང་། མཛེས་རྩལ་ཁང། རོལ་མོའི་ཁང། ཞབས་བྲོ་ཁང་། བྱེད་སྒོ་ཁང་། དཔེ་མཛོད་ཁང་སོགས་ཚུད་པ་དང་། ལུས་རྩལ་ཐང་དུ་ལག་རྩེད་སྤོ་ལོ་ཐང་དང་། འཕྲོད་བསྟེན་ཁང་། གཟུགས་གཞིའི་ཞིབ་དཔྱད་ཁང། ནུས་པ་མང་བའི་གར་སྟེགས་སོགས་ཚུད་པ། ཕྱི་རོལ་གྱི་ལུས་རྩལ་ཐང་ལ་ཆ་མཚོན་ན་ལུས་རྩལ་ཐང་དང་གཟིགས་སྟེགས་ཀྱིས་སློབ་མ་ཚོའི་ལུས་རྩལ་དང་འགྲན་བསྡུར་ལ་ལྟ་བའི་དགོས་མཁོ་སྐོང་ཐུབ། གཞན་ཡང་སློབ་གྲྭས་ད་དུང་ཟ་ཁང་ནང་དྲོད་རླངས་མཁོ་འདོན་སྒྲིག་ཆས་བསྒྲིགས་ནས་དགེ་སློབ་ཚོར་དྲོ་སྐྱིད་ལྡན་པའི་སློབ་སྦྱོང་དང་འཚོ་བའི་ཁོར་ཡུག་ཅིག་བཏོད་ཡོད།
ཁྲེང་ཀོན་ཆུས་སློབ་ཆུང་བཅུ་པའི་རྣམ་གྲངས་ནི་བྱང་སྐོར་ལམ་གྱི་བྱང་ངོས་དང་སེ་ར་ལམ་གྱི་ནུབ་ངོས་སུ་གནས་ཤིང་། སྤྱིའི་རྒྱ་ཁྱོན་ལ་མུའུ་53ཙམ་ཟིན་པ་དང་ཁྱོན་མ་དངུལ་སྒོར་ཁྲི་10075.36བཏང་བ་རེད། རྣམ་གྲངས་བསྐྲུན་ཟིན་རྗེས། ཁྲེང་ཀོན་ཆུས་གྲོང་བྱང་ཁུལ་གྱི་མང་ཚོགས་ཀྱི་བུ་ཕྲུག་རྣམས་ཀྱི་སློབ་ཞུགས་དགོས་མཁོ་སྐོང་ཐུབ་རྒྱུ་དང་། གྲོང་ཁྱེར་ནང་ཁུལ་ཁག་གི་སློབ་བསྡུའི་གནོན་ཤུགས་ཆུང་དུ་འགྲོ་རྒྱུ་རེད། ཝང་ཞའོ་པིན་གྱིས་རྣམ་གྲངས་དེ་ཟླ་དྲུག་པའི་ཟླ་མཇུག་ཏུ་ཞིབ་བཤེར་རྩིས་ལེན་བྱ་རྒྱུ་དང་། ཟླ་བདུན་པར་སློབ་ཁྲིད་སྒྲིག་ཆས་སྒྲིག་སྦྱོར་བྱ་རྒྱུ། ཟླ་བརྒྱད་པར་དངོས་སུ་སློབ་མ་བསྡུ་རྒྱུ་རེད་ཅེས་བཤད།
(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社