分享按钮

དཔྱིད་དུས་ཤིང་འཛུཊ་ནགས་གསོའི་ལས་ལ་གཞོལ་ནས་ཡུལ་མིའི་འཚོ་སྡོད་ཁོར་ཡུག་ལེགས་སུ་བཏང་བ།

རང་གྲོང་གི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཤིང་འཛུགས་བྱེད་སྒོའི་ནང་ཞུགས་པ།

པར་འདི་ནི་དོག་སྡེ་ཁྲོམ་གཞུང་གིས་འོས་འགན་ཤིང་འཛུགས་ནགས་གསོའི་བྱེད་སྒོ་སྤེལ་བཞིན་པའི་རྣམ་པ་ཡིན་པ།

ཟླ་3ཚེས་12ཉིན་ནི་ཤིང་འཛུགས་ནགས་གསོའི་དུས་ཆེན་ཐེངས་46པ་དེ་ཡིན་ཞིང་། ཤིང་འཛུགས་ནགས་གསོའི་དུས་ཆེན་གྱི་ཉིན་དེར་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་བཀོད་འདོམས་པུའུ་དང་། དོག་སྡེ་ཁྲོམ་གཞུང་། གྲྭ་བཞི་ཁྲོམ་གཞུང་བཅས་ཀྱིས་ཤིང་འཛུགས་ནགས་གསོའི་བྱེད་སྒོ་སྤེལ་བ་རེད། ཚང་མས་ཤིང་འཛུགས་ནགས་གསོ་བྱ་རྒྱུ་ནི་བྱས་རྗེས་དེང་འདིར་འཇོག་པ་དང་ཕན་འབྲས་བསྐལ་བརྒྱར་ཐོན་པའི་བྱ་གཞག་ཅིག་ཡིན་པས་གྲོང་ཁྱེར་གྱི་འབྱུང་ཁམས་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དང་གྲོང་མིའི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད་ཅིང་། ཁོང་ཚོས་ད་ཐེངས་ཀྱི་ཤིང་འཛུགས་བྱེད་སྒོ་གོ་སྐབས་སུ་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་ལྗང་མདོག་འབྱུང་ཁམས་འཛུགས་སྐྱོང་ནང་ཧུར་ཐག་ཞུགས་ནས་ཐུན་མོང་ཐོག་གྲོང་ཁྱེར་ལ་དེ་བས་མང་བའི་ལྗང་མདོག་བར་མཐོངས་བསྣན་ཏེ་ལྷ་ས་འདི་ཉིད་དེ་བས་མཛེས་སྡུག་ལྡན་ལ་འཚོ་སྡོད་བྱ་རྒྱུར་འཚམ་པ་ཞིག་ཏུ་འགྱུར་བར་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་འབྱུང་ཁམས་ཤེས་དཔལ་འཛུཊ་སྐྱོང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།

ཉིན་དེར། ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་བཀོད་འདོམས་པུའི་གཞུང་དོན་ཁང་གིས་གཙོ་གཉེར་བྱས་པའི“ཤིང་སོན་གཅིག་རྩིས་ལེན་བྱས་ཏེ་ལྷོ་བྱང་རི་བོ་ཐུན་མོང་ཐོག་བསྐྲུན་རྒྱུའི”སྤྱི་ཕན་བྱེད་སྒོའི་འགོ་ཚུགས་མཛད་སྒོ་དེ་ལྷོ་རིའི་སྤྱི་གླིང་དུ་གཉེར་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་འབྲེལ་ཡོད་འགན་འཁུར་བས《“ཤིང་སོན་གཅིག་རྩིས་ལེན་བྱས་ཏེ་ལྷོ་བྱང་རི་བོ་ཐུན་མོང་ཐོག་བསྐྲུན་རྒྱུའི”སྤྱི་ཕན་བྱེད་སྒོའི་གྲོས་འགོའི་ཡི་གེ》སྒྲོག་སྦྱངས་གནང་ཞིང་། ཚང་མས་རང་ཉིད་ནས་འགོ་འཛུགས་པ་དང་། དོན་ཆུང་ནས་འགོ་འཛུགས་པ། ད་ལྟ་ནས་འགོ་འཛུགས་པ་བཅས་བྱས་ཏེ་རང་རྟོགས་ངང་ཤིང་འཛུགས་ནགས་གསོའི་ཁྲིམས་གཏན་འཁེལ་བའི་འོས་འགན་སྒྲུབ་པ་དང་། རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་ནང་ཧུར་ཐག་ཞུགས་པ། ཤིང་འཛུགས་ནགས་གསོའི་སྔོ་འགྱུར་དང་། འདེབས་གསོ་བྱ་རྒྱུ་ཁས་ལེན། དངོས་པོ་ཞལ་འདེབས་སུ་འབུལ་བ། དང་བླངས་ཞབས་ཞུ་སོགས་རྣམ་པ་འདྲ་མིན་སྣ་ཚོགས་བརྒྱུད་དེ་རང་ཉིད་ཀྱིས་ལྗོན་ཤིང་ཞིག་འཛུགས་པ་དང་། རང་ཉིད་ངོ་མས་ཤིང་འཛུགས་ནགས་གསོ་བྱེད་པ། རང་ཉིད་ངོ་མས་སྔོ་ལྗང་གི་ནགས་ཚལ་ཞིག་བསྐྲུན་པ། ལྷ་སའི་ལྷོ་བྱང་རི་བོ་སྔོ་ལྗང་ཅན་དུ་འགྱུར་རྒྱུར་ཤུགས་སྣོན་བརྒྱབ་ནས་བྱས་རྗེས་འཇོག་རྒྱུའི་སྐུལ་སློང་གནང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོར་ཞུགས་མཁན་ཚོགས་པའམ་ཡང་ན་མི་སྒེར་གྱིས“རང་མོས་ངང་ཞུགས་པའི”རྩ་དོན་ལྟར་ཟླ་3ཚེས་26ཉིན་ནས་ཟླ་3ཚེས་31ཉིན་བར་གཙོ་དོན་ཞིབ་འཇུག་སློབ་སྦྱོང་བྱེད་པའམ་ཡང་ན་ཡུལ་དངོས་སུ་འོས་འགན་ཤིང་འཛུགས་དང་ནགས་གསོའི་དོ་དམ་སོགས་ཀྱི་ལག་ལེན་བྱེད་སྒོ་ཉམས་ལེན་བྱས་ཏེ་ལྷོ་བྱང་རི་བོའི་སྔོ་འགྱུར་འདུ་འགོད་འཛུགས་སྐྲུན་གྱི་གྲུབ་འབྲས་མྱོང་ཚོར་གང་ལེགས་བྱེད་ཆོག་པར་མ་ཟད། “བོད་ལྗོངས་སུ་ངར་ལྗོན་ཤིང་ཞིག་ཡོད”ཅེས་པའི་སྤྱི་ཕན་ཞལ་འདེབས་སྟེགས་བུའམ་ཡང་ན“བོད་ལྗོངས་སུ་ངར་ལྗོན་ཤིང་ཞིག་ཡོད”ཅེས་པའི་སྐད་འཕྲིན་གྱི་བྱ་རིམ་ཆུང་གྲས་བརྒྱུད་ཞལ་འདེབས་མ་དངུལ་འབུལ་བའམ་ཡང་ན་ལྗོན་ཤིང་བཏབ་ནས་ཞལ་འདེབས་ལག་ཁྱེར་ལེན་ཆོག་གི་ཡོད།

དང་བླངས་པ་ཀའོ་ཤིན་ཡུས་ཀྱིས་ང་ན་ནིང་ཟླ་བདུན་པར་བོད་ལྗོངས་སུ་ཡོང་བ་ཡིན། ད་ཆ་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་སློབ་གསོར་རོགས་སྐྱོར་བྱེད་བཞིན་ཡོད། དེ་རིང་ཐོ་འགོད་བྱས་ནས“ཤིང་སོན་གཅིག་རྩིས་ལེན་བྱས་ཏེ་ལྷོ་བྱང་རི་བོ་ཐུན་མོང་ཐོག་བསྐྲུན་རྒྱུའི”བྱེད་སྒོའི་ནང་ཞུགས་ནས་ལྷ་སའི་འབྱུང་ཁམས་ཁོར་ཡུག་ལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད་པ་རེད།

ཉིན་དེར་དོག་སྡེ་ཁྲོམ་གཞུང་གིས་ཁོངས་གཏོཊ་ཁུལ་གྱི་ཏང་ཡོན་མང་ཚོཊ་དང་། སྤྱི་བདེའི་མི་དམངས་ཉེན་རྟོག་པ་200ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་ལྷོ་ངོས་གྲོང་ཚོ་དང་། དངུལ་པར་གྲོང་ཚོ། པ་སི་གྲོང་ཚོར“ངས་བྱང་རིར་སྔོ་ལྗང་བསྣན་ཡོད”ཅེས་པའི་སྤྱི་ཕན་ཤིང་འཛུགས་བྱེད་སྒོ་སྤེལ་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཐུན་མོང་གི་ཁྱིམ་གཞིས་ལ་བཀྲག་མདངས་བསྣན་པ་རེད།

འོས་འགན་ཤིང་འཛུགས་བྱེད་སྒོ་སྤེལ་ཡུལ་དུ་ཚང་མས་ནུས་ཤུགས་ཡོད་རྒུ་བཏོན་ཏེ་གཅིག་རྗེས་གཉིས་མཐུད་ངང་ལྕགས་ཁེམ་ཁྱེར་ནས་ཤིང་འཛུགས་དཔུང་སྡེའི་ནང་ཞུགས་ཡོད། ཚང་མས་ལས་བགོས་མཉམ་སྒྲུབ་དང་། ལྕང་མར་ཆུ་བརྒྱབ་ནས་ལྷུ་ཚིགས་ཁག་འབྲེལ་མཐུད་དམ་ཟབ་བྱས་པས་ལས་བྲེལ་ཆེ་ཞིང་གོ་རིམ་ལྡན་པའི་ངལ་རྩོལ་གྱི་རྣམ་པས་ཁེངས་ཡོད། ཚང་མས་ཞོགས་པ་གཅིག་རིང་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། དོག་སྡེ་ལུང་ཤུར་གྱི་ས་ཚིགས་དང་པོ་དང་གཉིས་པའི་ནགས་གསོའི་ཁུལ་གྱི་ཉེ་འགྲམ་དུ་གནས་པའི་སྡོང་ཕྲུག་རེ་རེར་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་ལྗང་མདོག་གི་རེ་བས་ཁེངས་བཞིན་ཡོད།

ལྷོ་ངོས་གྲོང་ཚོའི་གྲོང་མི་བསྟན་འཛིན་ནོར་བུས་མཛེས་སྡུག་དང་ལྗང་མདོག་གི་ཁྱིམ་གཞིས་མཉམ་དུ་བསྐྲུན་རྒྱུ་ནི་ང་ཚོའི་གྲོང་མི་ཚང་མའི་དོར་ཐབས་མེད་པའི་འགན་འཁྲི་ཞིག་རེད། ཤིང་འཛུགས་བྱེད་སྒོའི་ནང་ཞུགས་པ་བརྒྱུད་ཕ་ཡུལ་དེ་བས་སྔོ་ལྗང་དང་དེ་བས་མཛེས་སྡུག་ལྡན་པ་དང་མི་རབས་རྗེས་མར་བདེ་སྐྱིད་བསྐྲུན་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།

ཤིང་འཛུགས་ནགས་གསོའི་དུས་ཆེན་གྱི་ཉིན་དེར་གྲྭ་བཞི་ཁྲོམ་གཞུང་གིས་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཁོར་ཡུག་སྔོ་འགྱུར་ལ་སྐུལ་འདེད་བཏང་སྟེ་ཞི་མཐུན་གྱི་འབྱུང་ཁམས་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཐུན་མོང་ཐོག་བསྐྲུན་ཡོད་པ་རེད།

གྲྭ་བཞི་ཁྲོམ་གཞུང་དོན་གཅོད་ཁྲུའི་ལས་དོན་མི་སྣ་ཧོ་ཆན་གྱིས་ད་ཐེངས་ཀྱི་བྱེད་སྒོས་མང་ཚོགས་ལ་ལྗང་མདོག་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་གལ་ཆེའི་རང་བཞིན་སྔར་བས་དྲིལ་བསྒྲགས་བྱས་ཡོད། གོམ་སྟབས་རྗེས་མར་གྲྭ་བཞི་ཁྲོམ་གཞུང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་བྱ་སྤྱོད་མུ་མཐུད་སྤེལ་ནས་ཤིང་འཛུགས་ནགས་གསོའི་ལས་ལ་གཞོལ་ཏེ་མཛེས་སྡུག་ལྡན་པའི་གྲོང་ཁྱེར་གྱི་ཁོར་ཡུག་གཏོད་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

(པ་ཚེས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-03-14 རང་གྲོང་གི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཤིང་འཛུགས་བྱེད་སྒོའི་ནང་ཞུགས་པ། 6 6 拉萨日报藏文 c177375.html 1 དཔྱིད་དུས་ཤིང་འཛུཊ་ནགས་གསོའི་ལས་ལ་གཞོལ་ནས་ཡུལ་མིའི་འཚོ་སྡོད་ཁོར་ཡུག་ལེགས་སུ་བཏང་བ། /enpproperty-->